西藏日喀则市南木林高级中学2017-2018学年高二第二学期期中考试藏文试卷_第1页
西藏日喀则市南木林高级中学2017-2018学年高二第二学期期中考试藏文试卷_第2页
西藏日喀则市南木林高级中学2017-2018学年高二第二学期期中考试藏文试卷_第3页
西藏日喀则市南木林高级中学2017-2018学年高二第二学期期中考试藏文试卷_第4页
西藏日喀则市南木林高级中学2017-2018学年高二第二学期期中考试藏文试卷_第5页
已阅读5页,还剩2页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

༄༅།།གཞིས་རྩེ་གྲོང་ཁྱེར་རྣམ་གླིང་མཐོ་འབྲིང་སྤྱི་ལོ་༢༠༡༧༢༠༡༨ལོའི་སློབ་དུས་གཉིས་པའི་སློབ་དཀྱིལ་ཡིག་རྒྱུགས།

ཡིག་རྒྱུགས་རྣམ་པ།གསང་ཐབས་རྒྱུགས་ལེན།ལོ་རིམ།གཉིས་པ།རིག་ཚན།བོད་ཡིགརྒྱུགས་འདོན་མཁན།ཚེ་རིང་ནོར་སྐྱིད།

རྒྱུགས་གཞི་གསལ་བཤད།

༡.རྒྱུགས་གཞི་འདིར་དྲི་གཞི་ཆེ་བ་ལྔ་དང་རྒྱུགས་གཞི་ཧྲིལ་པོར་སྐར་མ་༡༠༠ཡོད།ཡིག་རྒྱུུགས་དུས་ཚོད་ཁྱོན་སྐར་མ་༩༠ཡོད།

༢.རྒྱུགས་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་འབྲི་དགོས།དེ་མིན་གྱི་ལན་ཚང་མ་རྩིས་མེད་ཡིན།

དང་པོ།གདམ་འཇུག་དྲི་གཞི།(རེར་སྐར་༡ཁྱོན་སྐར་༢༥)

༡གཤམ་གསལ་ལས་དག་ནོར་མེད་པའི་སྡེ་ནི།【】

ཀརྣམ་སད།འཁོས་དམན།མ་དྲོས་ཀླུང་།ཁཨན་ད་རྙིལ།ལྟམ་བུ་ར།མི་བརྗེད་འཇིག་རྟེན།

གརྣམ་ཐོས་སྲས།གཏིང་ཤགས།རྣལ་སྦྱོར།

༢གཤམ་གསལ་ལས་ཟླ་བའི་མངོན་བརྗོད་ཁོ་ན་ཡིན་པ་ནི།【】

ཀརི་བོང་ཅན།ག་པུར་དབང་པོ།ཆུ་ཤེལ་དབང་པོ།ཁརྒྱུ་སྐར་རྒྱལ་པོ།རྟ་བདུན་དབང་པོ།

གབསིལ་ཟེར་ཅན།རྒྱ་མཚོའི་མར་གསར།བཅུ་གཉིས་བདག་པོ།

༣དམ་པ་མང་པོས་ཁས་འཆེ་མི་བྱེད་ལ།།གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན།།རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།།ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ།།ཞེས་པར་གཙོ་བོ་【】དགོས་པ་བསྟན་ཡོད།།

ཀརྩོམ་པར་དམ་བཅའ་བ།ཁམཆོད་བརྗོད།གགཞུང་དོན་དངོས།

༤གཤམ་སལ་ལས་སྟོན་དུས་ཀྱི་ཁྱད་ཆོས་བརྗོད་པ་ནི།【】

ཀརྡོག་མེད་སྙེ་གྲ་གནམ་ལ་གཟེངས་ཏེ་མཁས་རློམ་ཅན་གྱི་ངང་ཚུལ་སྟོན།

ཁའབྲས་ལྡན་སྙེ་མའི་ཚོགས་རྣམས་ཀྱིས།།མགོ་ལྕོག་ཡང་ཡང་ལྡེམ་པ་ནི།།

གས་གཞི་ཆེན་པོས་ཁ་བའི་གོས་དཀར་གྱོན།།དྭངས་བསིལ་ཆུ་བོ་གཡང་ཊིའི་ཁང་པར་ཉལ།།

༥དོན་བརྗོད་སྙན་ངག་གི་མི་སྣ་འབྲི་བཞེངས་ཐད་ཞིབ་ཕྲ་མི་དགོས་པར་གཙོ་བོ་()དང་()གཞི་གཅིག་ཏུ་འདྲེས་པ་བྱེད་དགོས།【】

ཀམི་སྣ།བྱུང་རིམ།ཁདོན་བརྗོད་པ།ཡིད་འགྱུར་མཚོན་པ།གམི་སྣ།ཁོར་ཡུག

མི་འཇིགས་སྤོབས་པའི་གཏིང་མཐའ་དཔོག་དཀའ་ཞིང་།།གཞན་དོན་སྒྲུབ་པའི་རྦ་རླབས་ཡོལ་མེད་པ།།

རི་བོང་སེམས་དཔའ་མ་དྲོས་ཀློང་ཆེན་པོས།།རང་ལུས་ཆུ་གཏེར་གཏོང་བའི་དམ་བཅའ་བཀོད།།ཅེས་པའི་ཤོ་ལོ་ཀ་བཀླགས་ནས་དྲི་གཞི་༦ནས་༨བར་སྒྲུབས་ཤིག

༦གོང་གི་ཤོ་ལོ་ཀ་དེའི་དཔེ་ཅན་དང་དཔེ་ངོས་འཛིན་ཡང་དག་པ་ནི།【】

ཀམི་འཇིགས་སྤོབས་པ།—རྦ་རླབས།རི་བོང་སེམས་དཔའ།—ཆུ་གཏེར།

ཁགཞན་དོན་སྒྲུབ།—ཆུ་གཏེར།རང་ལུས།—མ་དྲོས་ཀླུང་།

གསེམས་དཔའ།—མ་དྲོས་ཀླུང་།རང་ལུས།—ཆུ་གཏེར།

༧གོང་གི་ཤོ་ལོ་ཀ་དེར་སྙན་ངག་གི་རྒྱན【】སྤྱད་ཡོད།

ཀདཔེ་རྒྱན།ཁརབ་རྟོག་རྒྱན།གགཟུགས་རྒྱན།

༨གོང་གི་ཚིགས་བཅད་ལས་མངོན་བརྗོད་ཡིན་པ་ནི།【】

ཀམི་འཇིགས་སྤོབས་པ།ཁདམ་བཅའ།གཆུ་གཏེར།

༩ཉོན་མོངས་རི་ལ་ཏིང་འཛིན་བསྒོམས་བསྒོམས་ནས།།ཞེས་ནང་གི་བྱ་ཚིག་བསྒོམས་ཀྱི་དུས་གསུམ་སྐུལ་ཚིག་དང་བཅས་པ་ཡང་དག་པ་ནི་【】

ཀབསྒོམ་བྱ།སྒོམས་བྱེད།བསྒོམས་པ།སྒོམ་ཞིགཁསྒོམ་བྱ།སྒོམ་བྱེད།སྒོམས་པ།སྒོམས་ཤིག

གབསྒོམ་བྱ།སྒོམ་བྱེད།བསྒོམས་པ།སྒོམས་ཤིག

༡༠གཤམ་གསལ་མིང་འགྲེལ་ལས་ཡང་དག་པའི་ཚོ་པ་ནི།【】

ཀབདོག—ཡོད་པ།འཁོས་དམན།—འབྱོར་པ་དང་ནུས་སྟོབས་ཞན་པ།ཞུགས།—གསེར་སོགས་མེས་བཞུས་པའི་ཁུ་བའི་མིང་།

ཁནམ་མཁའི་རྔ།—འབྲུག་སྒྲ།འཁུ་བ།—འགྲན་པའམ་མཚུངས་པ།བརྐམ་ཆགས།—ཞེན་ཆགས།

གཆུ་ལྷ།—ནུབ་ཕྱོགས།མཁའ་ཡི་གླང་པོ།—གླང་ཆེན།གསེར་ཟྭ།—སྒོ་ལྕགས།

གློ་བུར་ཕྱི་ཡི་ཞིང་ཐང་གཤིན་པོ་ནས།།ནས་ཞིང་སྐྲ་ལོ་འབྲེག་པའི་གླུ་དབྱངས་སྒྲ།།

སྒྲ་འཛིན་ལམ་དུ་ལྷང་ལྷང་ཐོས་པའི་དུས།།དུས་བཞིའི་སོ་ནམ་བྱེད་ལུགས་ཡིད་ལ་དྲན།།ཞེས་པའི་ཤོ་ལོ་ཀ་དེ་ལེགས་པར་བཀླགས་ནས་དྲི་གཞི་༡༡ནས་༡༣བར་སྒྲུབས་ཤིག

༡༡གོང་གི་ཤོ་ལོ་ཀ་དེར་སྒྲ་རྒྱན་ལས་【】ཟུང་ལྡན་རྒྱན་སྤྱད་ཡོད།

ཀབར་ཆོད་པའིཁམཐའ་ཐོག་སྦྱར་བའིགབར་མ་ཆོད་པའི

༡༢གོང་གི་ཤོ་ལོ་ཀའི་ནང་རྟགས་འཁོད་པའི་ནས་སྒྲ་གཉིས་ཀྱི་དོན་ནི།【】

ཀགཉིས་ཀ་ལོ་ཏོག་ལ་གོཁསྔ་མ་འབྱུང་ཁུངས་དང་ཕྱི་མ་ལོ་ཏོགགསྔ་མ་ལོ་ཏོག་དང་ཕྱི་མ་འབྱུང་ཁུངས།

༡༣རྟགས་འཁོད་པའི་ཕྲད་དུ་ཡི་རྣམ་དབྱེ་འདྲེན་ཚུལ་ནི།【】

ཀརྣམ་དབྱེ་གཉིས་པ།རྟགས་མཚུངས་འདྲེན་པ།ཁརྣམ་དབྱེ་བཞི་པ།བརྗོད་བདེ་འདྲེན་པ།

གརྣམ་དབྱེ་བདུན་པ།རྟགས་མཚུངས་འདྲེན་པ།

༡༤དགུན་གསུམ་འཁྱགས་པས་ས་རྒྱུའི་རང་གཤིས་བཅོས།།དཔྱིད་གསུམ་དྲོད་ཀྱིས་ས་བོན་མཆེ་བ་རྒྱས།།

དབྱར་གསུམ་ཆར་པས་ལོ་ཏོག་ལང་ཚོ་དར།།སྟོན་གསུམ་ཉི་མས་འབྲུ་སྣ་མ་ལུས་སྨིན།།ཞེས་པའི་ནང་གི་རྟགས་འཁོད་པའི་ཕྲད་དག་ནི་【】ཡིན།

ཀབྱེད་པའི་བྱེད་སྒྲ།ཁབྱེད་པ་པོའི་བྱེད་སྒྲ།གབྱེད་སྒྲ་རྒྱུ་མཚན་སྟོན་པ།

༡༥བློ་གཟུ་བོར་གནས་ཤིང་དཔྱོད་ཤེས་ཀྱི་འཇུག་ལྡོག་ལྡན་པའི་མི་སྣ་ནི་【】

ཀཤན་པ།ཁཁྲོ་ཐུང་།གཁྭ་ཏ།

༡༦བོད་དུ་རང་མོས་སྙན་ངག་གི་རྩོམ་སྲོལ་རང་རྐྱ་འཕེལ་བར་དར་བའི་དུས་ཚོད་ནི་【】

ཀདུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་།ཁདུས་རབས་ཉི་ཤུའི་ལོ་རབས་བདུན་བཅུའི་ནང་།གདུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་།

༡༧ཨན་ད་རྙིལ་གྱི་མདངས་ལ་རབ་འཁུ་ཞིང་ཆིལ་ཆིལ་རླབས་ཀྱི་དར་དཀར་འཕྱོ་བ་ཡི་ཞེས་པའི་འཁུ་ནི་()

དོན་དང་ཆིལ་ཆིལ་ནི་()ཡིན།【】

ཀརྩོད་པ།ཡོན་ཏན།ཁཁུ་བ།ཡོན་ཏན།གའགྲན་པ།ཁྱད་ཆོས།

༡༨ཟློས་གར་ནི་བོད་ཀྱི་རིག་གནས་【】ནང་གསེས་ཡིན།

ཀཆེ་བ་ལྔ།ཁའཁྲབ་གཞུང་།གཆུང་བ་ལྔ།

༡༩དགུན་གསུམ་འཁྱགས་པས་ས་རྒྱུའི་རང་གཤིས་བཅོས།།ཞེས་པའི་དགུན་གསུམ་ནི་ཧོར་ཟླ་【】ཡིན།

ཀ༡༢༣ཁ༡༠༡༡༡༢ག༡༢༡༢

༢༠བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་གཏམ་བརྗོད་ཟློས་གར་ཐོག་མ་ནི་【】

ཀཧོར་གླིང་གཡུལ་འགྱེད།ཁསུ་རུའི་མེ་ཏོགགཧམ་ལེ་ཐེ།

༢༡༼ང་རང་སྦར་ཆོག༽ཅེས་པའི་སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་ནི་【】

ཀལྕི་བས་གཞན་ལ་འོད་སྣང་སྦྱིན་པར་བསྔགས་པ།ཁལྕི་བ་མཚོན་བྱེད་དུ་དྲངས་ནས་གཞན་དོན་ལ་འབད་པའི་རླབས་ཆེན་གྱི་སྐྱེ་བོའི་བླ་མེད་སྙིང་སྟོབས་ལ་ཡི་རངས་དང་བསྔགས་ཡོད།གརྩྭ་ཐང་གི་ལྕི་བའི་ཡོན་ཏན་ལ་བསྔགས་པ།

༢༢༼སྒོ་འགྲམ་དུ་༽ཞེས་པའི་སློབ་ཚན་དེའི་རྩོམ་པ་པོ་ནི་【】

ཀབློ་གསལ།གལྗང་བུ།གལྷ་རྒྱལ་ཚེ་རིང་།

བློ་ངན་ལས་ལ་སྤྱོད་པ་ལ།།རང་གི་འབད་པས་ཐོབ་པར་སེམས།།ཁྱི་རྒན་ཡ་རྐན་ཕུག་པའི་ཁྲགརུས་པའི་བཅུད་དུ་བསྒོམས་ནས་འཆའ།།

༢༣གོང་གི་ཚིགས་བཅད་ཤོ་ལོ་ཀ་དེ་【】ལས་བདམས་པ་ཡིན།

ཀཆུ་ཤིང་བསྟན་བཅོས།ཁས་སྐྱ་ལེགས་བཤད།གརྒྱལ་པོ་ལུགས་ཀྱི་བསྟན་བཅོས།

༢༤གོང་གི་ཚིགས་བཅད་དེའི་ནང་【】

ཀབསམ་བློ་ངན་པའི་མི་དེ་ཁྱི་རྒན་ལས་ཀྱང་སྡུག་པའི་དོན་བསྟན་ཡོད།

ཁབློ་བཟང་ངན་གང་ཡིན་ཡང་རང་གི་འབད་པ་ལ་བརྟེན་ནས་དོན་བསྒྲུབ་མཁན་ལ་བསྔགས་ཡོད།

གའུ་ཐུག་གི་ལས་དབང་མ་རིག་པའི་སྤྱོད་པར་འཕྱ་དམོད་བྱས་ཡོད།

༢༥ལོག་རྟོག་ཚར་གཅོད་པའི་རིག་པ་གཉིས་ནི་【】

ཀཚད་མ་དང་སྒྲ་རིག་པ།ཁབཟོ་དང་གསོ་བ་རིག་པ།གསྙན་ངག་དང་ནང་རིག་པ།

གཉིས་་པ།སྟོང་ཆ་ཁ་སྐོང་།(སྟོང་ཆ་རེར་སྐར་༠.༥ཁྱོན་སྐར་༡༠)

༡༼རི་བོང་ཅན་གྱི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས༽ཞེས་པའི་སློབ་ཚན་དེ་ནི་སྙན་ངག་གི་རྣམ་པའི་སྒོ་ནས་

དང་།ངོ་བོ་འི་སྒོ་ནས་ཡིན།

༢ཕུན་ཚོགས་སྡེ་བཞི་ནི་དང་།བཅས་ཡིན།

༣༼རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ༽ཞེས་པའི་སློབ་ཚན་དེའི་རྩོམ་པ་པོ་ནི་རྩོམ་སྟངས་ནི་

དེའི་ནང་འཁོར་ལོ་རིན་པོ་ཆེས་མཚོན་པ་དང་།ནོར་བུ་རིན་པོ་ཆེས་མཚོན།ཡོན་ཏན་གྱི་མཚོན་བྱེད་

དུ་དང་།བརྩོན་འགྲུས་ཀྱི་མཚོན་བྱེད་དུ་བཀོད་ཡོད།

༤རང་མོས་སྙན་ངག་གི་སྣེ་ཤན་བརྩམས་ཆོས་ནི་ཡིན་པ་དང་དེའི་སྣེ་ཤན་པ་ནི་ཡིན་པ་དང་རང་མོས་སྙན་

ངག་གཉིས་པ་ནི་ཡིས་བརྩམས་པའི་ཞེས་པ་དེ་ཡིན།

༥སྲོལ་རྒྱུན་ཚིགས་བཅད་སྙན་ངག་གི་སྒྲིག་གཞི་བཞི་ནི་དང་།བཅས་ཡིན།

གསུམཔ།སྟབས་བདེའི་དྲི་གཞི།(དྲི་བ་རེར་སྐར་༥ཁྱོན་སྐར་༡༥)

༡༼རི་བོང་ཅན་གྱི་བྱུང་བ་བརྗོད་པ་གཡས་འཁྱིལ་དུང་གི་སྒྲ་དབྱངས་༽ཞེས་པའི་སློབ་ཚན་གྱི་མཚོན་བྱ་དང་མཚོན་བྱེད་གང་ཡིན་ནམ།(སྐར་༥)

༢༼ཧམ་ལེ་ཐེ་༽ཞེས་པར་སློབ་ཚན་དེ་ཟློས་གར་གྱི་རིགས་གང་གི་ཁོངས་སུ་གཏོགས་པ་དང་།ཤག་སེ་ཕེ་ཡའི་སྐྱོ་གར་ཆེན་མོ་བཞི་གང་ཡིན།(སྐར་༥)

༣ཆོས་ཉིད་སྙན་ངག་གི་གོ་དོན་ཇི་འདྲ་ཡིན།(སྐར་༥)

བཞི་པ།ལྟ་ཀློག་དབྱེ་ཞིབ།(སྐར་༢༠)

རྡོག་མེད་སྙེ་གྲ་གནམ་ལ་གཟེངས་ཏེ་མཁས་རློམ་ཅན་གྱི་ངང་ཚུལ་སྟོན།།

ལག་གདང་སྦྲེལ་བའི་སྲན་མའི་མེ་ཏོག་ན་ཆུང་བུ་མོའི་དགྲ་ཟླར་གྱུར།།

གྲོ་སྙེ་སྟོང་པས་མིག་སྐྱག་དཀར་པོ་རྒྱན་ཆར་བསམས་ཏེ་གཞན་ལ་ངོམ།།

པད་ཁས་འབོག་ཏོ་སེར་པོ་གྱོན་ནས་ལྟ་བ་མཐོན་པོའི་ལད་མོ་བྱས།།

གོང་གསལ་ཚིགས་བཅད་བཀླགས་ནས་དྲི་བར་ལན་འདེབས་དགོས།

༡གོང་གི་ཚིགས་བཅད་འདི་གང་ལས་དྲངས།རྩོམ་པ་པོ་སུ་ཡིན།(སྐར་༢)

༢གོང་གི་ཚིགས་བཅད་དེར་སྙན་ངག་གི་རྒྱན་གང་སྤྱད་ཡོད་དམ།རྒྱན་དེའི་མཚན་ཉིད་བྲིས་དང་།(སྐར་༥)

༣པད་ཁས་འབོག་ཏོ་སེར་པོ་གྱོན་ཞེས་པར་བྱ་བྱེད་ལས་གསུམ་དབྱེ་དགོས།(སྐར་༣)

༤གོང་གི་དུམ་བུའི་རྟགས་འཁོད་པའི་ཕྲད་ཀྱི་འཇུག་ཡུལ་བྲིས་དང་།(སྐར་༦)

༥ཚིགས་བཅད་འདིའི་ཆ

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

最新文档

评论

0/150

提交评论