我的优秀教案-诺贝尔_第1页
我的优秀教案-诺贝尔_第2页
我的优秀教案-诺贝尔_第3页
我的优秀教案-诺贝尔_第4页
我的优秀教案-诺贝尔_第5页
已阅读5页,还剩8页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

སློབ་ཚན་བཅུ་པ།ནོ་པེལ།དང་པོ།སློབ་ཁྲིད་དམིགས་ཡུལ།༡ཤེས་བྱ་དང་ནུས་རྩལ།སློབ་ཚན་ནང་གི་མིང་དང་ཚིག་གི་དག་དོན་ཤེས་པའི་རྨང་གཞིའི་ཐོག་ནོ་པེལ་ཞེས་པའི་ཚན་རིག་པ་དེ་མི་ཅི་འདྲ་ཞིག་ཡིན་པ་དང་།ནོ་པེལ་བྱ་དགའ་ཞེས་པ་ཇི་ལྟར་བྱུང་བ།ནོ་པེལ་བྱ་དགའ་སྤྲོད་པའི་དུས་ཚོད་དང་།ནོ་པེལ་བྱ་དགའ་ལ་རིགས་ག་ཙམ་ཡོད་པ་ཤེས་དགོས།༢ཐབས་ཤེས་དང་བརྒྱུད་རིམ།ཐོག་མར་སློབ་མས་སློབ་ཚན་འབྱོངས་པོའི་ངང་ནས་གྱེར་ཀློག་ཐུབ་པ་བྱས་ནས།རིམ་གྱིས་ནོ་པེལ་གྱིས་ཚེ་གང་ཚན་རིག་གསར་གཏོད་ལ་སྐྱེས་སུ་འབུལ་མཛད་པ་རགས་རིམ་ཤེས་སུ་འཇུག་རྒྱུ་དང་།དེ་རྗེས་ནོ་པེལ་བྱ་དགའི་བྱུང་བ་དང་།བྱ་དགའ་སྤྲོད་པའི་དུས་ཚོད།བྱ་དགའི་དབྱེ་བ་བཅས་ལ་ཤེས་རྟོགས་ཡོང་དུ་འཇུག་རྒྱུ།༣ཚོར་འདུ་དང་རིན་ཐང་ལྟ་བ།སློབ་ཚན་བསླབས་ནས་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་གོང་དུ་བཀུར་བའི་ནོ་པེལ་གྱི་བླ་མེད་མཛད་རྗེས་དང་སྙིང་སྟོབས་ལ་སློབ་སྦྱོང་དང་རྗེས་སུ་ཡི་རང་ཞུ་བ་དང་།འཛམ་གླིང་སྐྱེ་བོ་ཀུན་གྱིས་ནོ་པེལ་གྱི་གཟི་བརྗིད་བརྩོན་ལེན་བྱེད་པ་ཤེས་པ་བྱས་ནས།རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུས་ནོ་པེལ་གྱི་གཟི་བརྗིད་ཆེད་དུ་འབད་དེ་ཕ་ཡུལ་ལ་ལེགས་སྐྱེས་འབུལ་རྒྱུའི་སྙིང་སྟོབས་ཡོད་དགོས།གཉིས་པ།སློབ་ཁྲིད་ཀྱི་དཀའ་གནད།སློབ་ཚན་གྱི་ཚིག་གསར་ལ་གོ་བ་ལེན་རྒྱུ་དང་།ནོ་པེལ་བྱ་དགའི་བྱུང་བར་ཤེས་རྟོགས་བྱ་རྒྱུ།གསུམ་པ།སློབ་ཁྲིད་ཀྱི་གཙོ་གནད།ནོ་པེལ་བྱ་དགའ་སྤྲོད་དུས་དང་བྱ་དགའི་རིགས་དབྱེ།བཞི་པ།སློབ་ཁྲིད་གོང་གི་གྲ་སྒྲིགདྲ་བ་སོགས་ལ་བརྟེན་ནས་ཉེ་བའི་ལོ་འགའི་ནང་ནོ་པེལ་གྱི་བྱ་དགའ་སུ་སུར་སྤྲད་མིན་རྒྱུས་མངའ་རགས་ཙམ་བྱ་རྒྱུ།ལྔ་པ།སློབ་ཁྲིད་ཀྱི་མྱུར་ཚད།ཚོགས་ཐུན་གཉིས།དྲུག་པ།སློབ་ཁྲིད་ཀྱི་བརྒྱུད་རིམ།ཚོགས་ཐུན་དང་པོ།༡བསྐྱར་སྦྱོང་།པཎ་ཆེན་རིན་པོ་ཆེ་གོ་འཇོ་རྩྭ་ཐང་དུ་ཕེབས་ནས་མང་ཚོགས་སྤྱི་དང་སློབ་མ་ཚོར་བཀའ་སློབ་གཙོ་བོ་གང་གནང་ངམ།༢གསར་འདྲེན།སློབ་མ་ཚོར་འཛམ་བུ་གླིང་ལ་གྲགས་ཆེ་བའི་ནོ་པེལ་བྱ་དགའི་སྐོར་ལ་རྒྱུས་མངའ་ཡོད་མིན་སྐོར་དྲི་རྒྱུ་དང་ཉེ་བའི་ལོ་ཤས་ནང་ནོ་པེལ་བྱ་དགའ་སུ་སུར་ཐོབ་མིན་ངོ་སྤྲོད་རགས་པ་བྱ་རྒྱུ།༣གསར་ཁྲིད།(༡)སློབ་མ་མཉམ་དུ་སློབ་ཚན་གྱེར་ཀློག་ཐེངས་ཤིག་བྱེད་དུ་འཇུག་པ་དང་།དེ་རྗེས་དགེ་རྒན་ནས་ཀློག་མ་དག་པ་སོགས་ལ་ནན་བཤད་བྱ་རྒྱུ།(༢)སློབ་ཚན་ཀློག་འདོན་དང་འབྲེལ་ནས་གོ་དཀའི་མིང་ཚིག་འགའ་ལ་འགྲེལ་པ་བྱེད་རྒྱུ་དང་།དེ་དག་ལས་གནད་ཆེ་འགའ་ནག་པང་དུ་འབྲི་རྒྱུ།སྐུ་བལྟམས།—སྐྱེས་པའི་ཞེ་ས།སྐུ་གཤེགས།—ཤི་བའི་ཞེ་ས།བྱ་དགའ།—གཟེངས་བསྟོད་དུ་གནང་བའི་དངོས་རྫས་ཀྱི་མིང་།རྫས་འགྱུར་རིག་པ།—དངོས་པོ་གྲུབ་བྱེད་ཀྱི་རྫས་དང་དངོས་པོ་འགྱུར་ལྡོག་འགྲོ་བའི་ཆོས་ཉིད་ལ་བརྟག་དཔྱད་བྱེད་པའི་རིག་པའི་མིང་།བཤགས།—དུམ་བུ་གཉིས་སམ་དུ་མར་ཕྱེ་བའི་དོན།གཤེར་གཟུགས།—ཆུ་དང་ཆུའི་རྣམ་པ་ཅན་གྱི་དངོས་རྫས་ཀྱི་མིང་།མེ་ཚག—མེ་སྟག་སྟེ།མེ་འབར་བའི་དུས་འཐོར་བའི་མེའི་ཟེགས་མ།(མེ་འབར་བྱེད་ཀྱི་རྒྱུ་ཆུང་ངུ་ལ་ཡང་ཟེར།སྦི་སྡི།—འབར་རྫས་སོགས་ལ་མེ་སྤར་བྱེད་ཀྱི་སྐུད་པའི་མིང་།ལེ་ཀོན།—རྒྱ་ཡིག་གི་སྒྲ་ཟུར་ཆགས་པ་སྟེ་འབར་རྫས་སོགས་སྤོར་བྱེད་ཀྱི་རྫས་ལྕགས་རིགས་ཀྱི་སྦུ་གུའི་ནང་བླུགས་པ་ཞིགཞལ་ཆེམས།—སྐུ་གཤེགས་ཁར་མངགས་བཅོལ་བྱས་པའི་སྐད་ཆ།སྐྱེད་ཁ།—མ་རྩར་འཁྲི་བའི་འཕེལ་ཆའམ་འཕར་མ།ཅི་མ་རུང་དགོངས།—དེ་ལྟར་བྱུང་ན་དགའ་བ་ཨང་བསམ།གཟོང་།—ཤིང་སོགས་ལ་ཨི་ཁུང་འབིགས་བྱེད་ཀྱི་ཡོ་བྱད།དྲུས།—ས་དོང་སོགས་བྲུས་པའམ་རྐོ་བའི་དོན།ས་དོང་།—ཁ་ཆུང་བའི་ས་ཀོང་ཀོང་།སྡིག་སྡིག་ཏུ་གཡུག—སྙིང་ཁ་སྡིག་སྒྲ་དང་བཅས་འགུལ་བའམ་འཕག་པའི་དོན།སྡིར་ནས་གཟིགས།—གནས་ཤིག་ཏུ་ཅེར་ནས་གཟིགས་པའི་དོན།བྱས་པ་ཅན།—བྱས་རྗེས་ཡོད་མཁན།སྲ་གཟུགས།—ས་རྡོ་སོགས་སྲ་མཁྲེགས་ཀྱི་རང་བཞིན་ཅན་གྱི་དངོས་པོ།(༣)སློབ་མར་སློབ་ཚན་ལ་དུམ་བུ་ཅི་ཡོད་དྲིས་ནས་ནང་དོན་ཁག་དབྱེ་བྱ་རྒྱུ་དང་།ནང་དོན་ཁག་གི་བརྗོད་དོན་རགས་བཤད་བྱ་རྒྱུུ།སློབ་ཚན་ཧྲིལ་པོ་རང་གྲུབ་དུམ་མཚམས་དཐགུ་ལས་གྲུབ་པ་དང་ནང་དོན་ཁག་གསུམ་དུ་དབྱེ་ནས་གོ་བ་ལོན་རྒྱུ།ནང་དོན་ཁག་དང་པོ།རང་གྲུབ་དུམ་བུ་དང་པོ་དང་གཉིས་པ།ནོ་པེལ་བྱ་དགའི་མཛད་སྒོ་སྤེལ་བའི་དུས་ཚོད་མཛད་སྒོ་སྤེལ་ཡུལ།མཛད་སྒོའི་གཞི་ཁྱོན་བཅས་པ་ངོ་སྤྲོད་བྱས་ཡོད།ནང་དོན་ཁག་གཉིས་པ།རང་གྲུབ་དུམ་མཚམས་གསུམ་པ་ནས་བརྒྱད་པའི་བར།ནོ་པེལ་གྱིས་དཀའ་སྡུག་དང་།སྐྱོ་གདུང་།ཕམ་ཉེས་བཅས་ཁྱད་སད་བྱས་ཏེ།འབར་རྫས་གསར་གཏོད་བྱས་པའི་བརྒྱུད་རིམ་བརྗོད་ཡོད།ནང་དོན་ཁག་གསུམ་པ།རང་གྲུབ་དུམ་མཚམས་དགུ་པ།ནོ་པེལ་གྱི་ཚེ་གང་འབར་རྫས་གསར་གཏོད་ཀྱི་བྱ་གཞག་ལ་འཕུལ་བ་མ་ཟད།ཁོང་གི་ཞལ་ཆེམས་བཞིན་རིགས་མི་གཅིག་པ་ལྔའི་བྱ་དགའ་བྱུང་བའི་སྐོར་སོགས་བྲིས་ཡོད།༤སྦྱོང་གཞི།(༡)སློབ་ཚན་ཐེངས་མ་གསུམ་ཀློག་འདོན་བྱས་ཏེ།སློབ་ཚན་གྱི་ནང་དོན་གོ་བ་ལོན་གང་ཐུབ་བྱེད་དགོས།(༢)བསླབ་གཞིའི་སྦྱང་གཞི་གཉིས་པའི་དྲི་བ་ཆུང་བ་དང་པོ་དང་གསུམ་པར་ལན་འདེབས་དགོས།(༣)སློབ་ཚན་གྱི་ཚིག་གསར་གྱི་དག་དོན་བློ་ལ་ངེས་དགོས་པ་དང་།ཁྱིམ་སྦྱོང་གི་མཇུག་ཏུ་དཔོད་བྲིས་གཏོང་དགོས།ཚོགས་ཐུན་གཉིས་པ།༡བསྐྱར་སྦྱོང་།(༡)སྦར་རྫས།གཤེར་གཟུགས།དངངས་འཚབ།སྦི་སྡི།སྲ་གཟུགས།བཅས་ཀྱི་དག་དོན་ཤེས་མིན་བརྟག་རྒྱུ།(༢)ནོ་པེལ་རྒུྱལ་ཁབ་གང་གི་མི་ཡིན།ག་དུས་འཁྲུངས་སམ།ག་དུས་སྐུ་གཤེགས་སམ།༢གསར་ཁྲིད།(༡)སློབ་མར་སྐད་གསང་མཐོན་པོའི་སྒོ་ནས་སློབ་ཚན་གྱེར་ཀློག་ཐེངས་ཤིག་བྱེད་དུ་འཇུག་རྒྱུ།(༢)དྲི་བ་ལེན་པའི་ཐབས་ལ་བརྟེན་ནས་སློབ་ཚན་གསལ་འགྲེལ་བྱེད་རྒྱུ།ཀནོ་པེལ་བྱ་དགའ་སྤྲོད་པའི་དུས་ཚོད་ག་དུས་གང་དུ་ཡིན་ནམ།ལན།ལོ་རེའི་ཟླ་༡༢པའི་ཚེས་༡༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤དང་སྐར་མ་༣༠ཐོག་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོམ་དུ་ཡིན།ཁ།མཛད་སྒོ་དེ་འཛམ་གླིང་གི་མཁས་དབང་སྐྱེས་ཆེན་དམ་པ་འདུས་པའི་རྒྱས་ཚོགས་ཤིག་ཡིན་ཟེར་དོན་གང་ཡིན་ནམ།ལན།བྱ་དགའ་དེ་ནི་མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་གྱི་སྐྱེས་ཆེན་རྣམས་ལས་སྐྱེ་བོ་སྤྱིར་བཏང་བ་ལ་སྤྲོད་ཀྱི་ཡོད་པས་ཡིན།གམཛད་སྒོ་སི་ཐོག་ཁོམ་དུ་དུས་ཚོད་དེར་སྤེལ་དོན་གང་ཡིན་ནམ།ལན།ས་ཆ་དེར་ནོ་པེལ་སྐུ་འཁྲུངས་པ་དང་།དུས་ཚོད་དེར་ནོ་པེལ་སྐུ་གཤེགས་པས་རེད།ང་།ནོ་པེལ་གྱི་མི་ཚེ་གང་པོར་གསར་གཏོད་མང་པོ་ཡོད་པ་ལས་གང་ཞིག་གཟེངས་སུ་ཐོན་པ་ཡིན་ནམ།དེ་ལྟར་ཟེར་དོན་གང་ཡིན་ནམ།ལན།འབར་རྫས་གསར་གཏོད་བྱས་པ་དེ་ཡིན་ཞིང་།འབར་རྫས་གསར་གཏོད་བྱེད་པ་ནོ་པེལ་སྐུ་ན་ཆུང་ངུའི་དུས་ནས་བྱུང་བའི་བསམ་ཚུལ་ཡིན་ཞིང་།ཚོད་ལྟ་རབ་དང་རིམ་པ་བརྒྱུད་གཤེར་གཟུགས་ཀྱི་འབར་རྫས་ནས་རིམ་གྱིས་སྲ་གཟུགས་འབར་རྫས་གསར་གཏོད་གནང་ཡོད་པ་སོགས་ཀྱི་ཡིན།ཅ།ནོ་པེལ་གྱི་ཚོད་ལྟའི་བྱ་བའི་ཁྲོད་རྐྱེན་ངན་གང་དག་འཕྲད་ཡོད།ལན།ཁོང་གི་གཅུང་པོའི་ཚེ་སྲོག་ཤོར་བ་དང་།ཡབ་ཀྱི་ལུས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་སོགས།ལོ་བཞིའི་ནང་ཕམ་ཉེས་ཐེངས་བརྒྱ་ཕྲག་བྱུང་ཡོད།ཆ།ནོ་པེལ་གྱིས་སྲ་གཟུགས་འབར་རྫས་གསར་གཏོད་ཐུབ་པའི་རྗེས་སུ་གང་གསར་གཏོད་གནང་ངམ།ལན།འབར་རྫས་གས་བྱེད་ཀྱི་ལེ་ཀོན་གསར་གཏོད་གནང་།ཇ།ནོ་པེལ་འབར་རྫས་གསར་གཏོད་ལེགས་གྲུབ་བྱུང་བ་དེས་ཕན་ཐོགས་གང་བྱུང་ཡོད།ལན།རི་ཁོག་བརྟོལ་ནས་ཕུག་ལམ་གཏོད་པ་དང་།ས་དོང་དྲུས་ནས་གཏེར་ཁ་འདོན་པ་སོགས་ཀྱི་ལས་ཀ་རྣམས་གཟོང་དང་ཐོ་བར་བརྟེན་མི་དགོས་པ་སོགས་བྱུང་།ཉ།ནོ་པེལ་གྱིས་སྲ་གཟུགས་འབར་རྫས་ལེགས་གྲུབ་བྱུང་ནས་ཚོད་ལྟ་མཚམས་འཇོག་གནང་ངམ།ལན།མཚམས་འཇོག་མ་གནང་བར་རྒྱུན་ཆད་མེད་པར་ཚོད་ལྟ་གནང་གི་ཡོད།ཏ།འཛམ་གླིང་གི་ནོ་པེལ་བྱ་དགའ་ཞེས་པ་ཇི་ལྟར་བྱུང་འདུགལན།དེ་ནི་ནོ་པེལ་གྱི་ཞལ་ཆེམས་ལྟར།ཁོང་གི་གསར་གཏོད་རྣམ་གྲངས་༡༠༠ལྷག་གི་བྱ་དགའི་དངུལ་དང་།རང་བདག་ཁེ་དབང་གི་གྲོན་དངུལ་ས་ཡ་༢ཚང་མ་དངུལ་ཁང་དུ་བཅོལ་བའི་སྐྱེད་ཁ་དེ་རྣམ་གྲངས་རིགས་ལྔའི་བྱ་དགའི་གྲོན་དངུལ་བྱས་པ་ལས་བྱུང་།ཐ།ནོ་པེལ་གྱི་བྱ་དགའ་ཆེན་པོ་ལྔ་པོ་གང་དག་ཡིན་ནམ།ལན།དངོས་ལུགས་རིག་པ།རྫས་འགྱུར་རིག་པ།ལུས་ཁམས་རིག་པའམ་གསོ་བ་རིག་པ།རྩོམ་རིགཞི་བདེ་བཅས།ད།ང་ཚོར་ནམ་ཞིག་ནོ་པེལ་བྱ་དགའ་ལོན་ཐུབ་ངེས་སྙམ་པའི་སེམས་ཤུགས་ཡོད་ཆོག

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

评论

0/150

提交评论