《我欲仁斯仁至矣》教学设计(西藏县级优课)_第1页
《我欲仁斯仁至矣》教学设计(西藏县级优课)_第2页
《我欲仁斯仁至矣》教学设计(西藏县级优课)_第3页
《我欲仁斯仁至矣》教学设计(西藏县级优课)_第4页
《我欲仁斯仁至矣》教学设计(西藏县级优课)_第5页
已阅读5页,还剩2页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

དཀར་ཆག

དང་པོ།སློབ་ཁྲིད་དམིགས་ཡུལ།

2

གཅིགཤེས་བྱ་དང་ནུས་རྩལ་ཐད།

2

གཉིས།བརྒྱུད་རིམ་དང་ཐབས་ཤེས།

2

གསུམ།ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ།

2

གཉིས་པ།སློབ་ཁྲིད་ཀྱི་གཙོ་དཀའ།

3

གསུམ་པ།སློབ་ཁྲིད་ཐབས་ལམ།

3

བཞི་པ།སློབ་ཁྲིད་བརྒྱུད་རིམ།

3

གཅིགབསྐྱར་སྦྱོང་།

3

གཉིས།གསར་འདྲེན།

3

གསུམ།གསར་ཁྲིད།

4

བཞི།བསྐྱར་དྲན།

6

ལྔ།སྦྱང་གཞི་བཀོད་སྒྲིག

6

ལྔ་པ།སློབ་ཁྲིད་རྗེས་ཀྱི་བསམ་གཞིགས།

6

བོད་ཀྱི་ཡུལ་མིང་དང་བཅས་པའི་ཐ་སྙད་འགའི་དཔྱད་པ།

མཁས་དབང་དགེ་འདུན་ཆོས་འཕེལ།

དང་པོ།སློབ་ཁྲིད་དམིགས་ཡུལ།

གཅིགཤེས་བྱ་དང་ནུས་རྩལ་ཐད།

༡བོད་ཀྱི་མིང་གི་འབོད་ཚུལ་མི་འདྲ་བ་དང་དེ་ལྟར་འབོད་པའི་རྒྱུ་མཚན་ཤེས་དགོས།

༢སློབ་ཚན་ཁྲོད་ཐ་སྙད་དག་ལ་དཔྱད་པ་མཛད་སྐབས་སྒྲུབ་བྱེད་ཇི་ལྟར་བཀོད་པར་ཤེས་རྟོགས་བྱེད་དགོས།

གཉིས།བརྒྱུད་རིམ་དང་ཐབས་ཤེས།

སློབ་མས་འབོད་མིང་དག་ལ་ཤེས་རྟོགས་དང་།དེ་རྗེས་འབོད་མིང་དག་ཇི་ལྟར་བྱུང་བའི་བརྒྱུད་རིམ་མམ་རྒྱུ་མཚན་ཤེས་དགོས།གཞན་རང་སོ་སོའི་ཡུལ་མིང་སོགས་ཀྱི་ཐོགས་ལུགས་ལ་དཔྱད་འཚོལ་བྱེད་དུ་འཇུག་དགོས།

གསུམ།ཚོར་འདུའི་རྣམ་འགྱུར་དང་རིན་ཐང་ལྟ་བ།

བོད་རང་གི་ཐ་སྙད་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བརླག་འགྲོ་བཞིན་ཡོད་པས།ཐ་སྙད་ཉམས་པ་རྣམས་སླར་གསོ་དང་མ་ཉམས་པ་རྣམས་གོང་འཕེལ་གཏོང་དགོས་པའི་ལྟ་བ་གསོ་སྐྱོང་བྱ་རྒྱུ།

གཉིས་པ།སློབ་ཁྲིད་ཀྱི་གཙོ་དཀའ།

གཙོ་གནད།སློབ་ཚན་དུ་བཀོད་པའི་བོད་ཀྱི་མིང་གི་འབོད་ཚུལ་མི་འདྲ་བའི་ཐ་སྙད་དག་གི་བྱུང་ཚུལ་དང་གོ་དོན་རྟོགས་དགོས།

དཀའ་གནད།བོད་ཀྱི་མིང་གི་འབོད་ཚུལ་མི་འདྲ་བ་དག་གི་གོ་དོན་རྟོགས་པ་དང་།དེ་འདྲའི་ཐ་སྙད་སྒྲུབ་པའི་སྒྲུབ་ཐབས་དང་དེ་ལྡན་གྱི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པ།

གསུམ་པ།སློབ་ཁྲིད་ཐབས་ལམ།

སྲོལ་རྒྱུན་ཁྲིད་ཐབས་དང་བསླབ་གཞི་གསར་པའི་དགོངས་དོན་བསྐྱངས་ནས་སློབ་མ་གཙོ་བོར་འཛིན་ཏེ་གྲོས་བསྡུར་སོགས་ཀྱི་ཐབས་ལམ་སྤྱོད་རྒྱུ།

བཞི་པ།སློབ་ཁྲིད་བརྒྱུད་རིམ།

གཅིགབསྐྱར་སྦྱོང་།

ཁྲིད་ཟིན་པའི་གངས་སེང་ཡོད་མེད་ཀྱི་དཔྱད་པ་ཞེས་པའི་སློབ་ཚན་གྱི་ནང་དོན་གཞིར་བཟུང་ནས་གངས་སེང་ཡོད་མེད་སྐད་ཆ་འདྲི་བ་སོགས་བརྒྱུད་ནས་སློབ་མས་སློབ་ཚན་གྱི་བརྗོད་དོན་ཧྲིལ་པོར་གོ་བ་ལོན་ཚད་དཔག་པ།

གཉིས།གསར་འདྲེན།

རི་མོའི་ལམ་ནས་མི་སྣ་སྣ་ཚོགས་ཀྱི་གཟུགས་བརྙན་གསར་བཞེངས་བྱས་ཏེ་ཁོ་ཚོ་ངོ་ཤེས་མིན་ལས་སློབ་ཚན་གསར་པ་འདྲེན་པ་སྟེ།

དགེ་རྒན།ཁོ་ཚོ་ངོ་ཤེས་སམ།

སློབ་མ།འབྲོག་པ།ཞིང་པ།བུ་མོ་སོགས།

དགེ་རྒན།རྗེས་སུ་ཁོ་ཚོ་ཕྲད་ཚེ་ངོ་ཤེས་པ་འདུག་གམ།

སློབ་མས་ལན་སྣ་ཚོགས་འདེབས།

དགེ་རྒན།ངས་ངོ་སྤྲོད་བྱས་ཆོགཁོ་ཚོ་བཀྲིས་དང་དོན་གྲུབ།རྣམ་རྒྱལ་་་་་་་

དགེ་རྒན།ཁོ་ཚོརམིང་མེད་ན་འགྲིག་ཐབས་འདུག་གམ།

སློབ་མ།མི་འདུག

དགེ་རྒན།རེད།མིང་མེད་ན་འགྲིག་ཐབས་ཡོད་མ་རེད།དེ་ལྟར་ན་འཁྲུལ་སྲིད།

དེས་ནས་ལང་ཀར་གཤེགས་པའི་མདོ་ལས་གསུངས་པ་བཞིན་རེད།

མིང་དུ་གདགས་པར་མ་མཛད་ན།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།ཞེས་སོགས།

དེས་ན་བོད་ཞེས་པ་ང་ཚོའི་ཕ་ཡུལ་འདི་ལ་ཡང་མིང་མི་འདྲ་མང་པོ་ཡོད་པས་དེ་རིང་གི་འཁྲིད་བྱ་ནི་གང་དེའི་སྐོར་ཡིན།

གསུམ།གསར་ཁྲིད།

དེ་ལ་རྩོམ་པ་པོ་ངོ་སྤྲོད་དང་གཞུང་དོན་ངོ་སྤྲོད་ཞེས་དོན་རྣམ་པ་གཉིས།

༡གོ་རིམ་འབྲེལ་ཆགས་པའི་དབང་དུ་བྱས་ནས་རྩོམ་པ་པོ་ངོ་སྤྲོད།

སློབ་དུས་གོང་མའི་ནང་།རི་བོ་གངས་ཅན་གྱི་མཛེས་ལྗོངས་ཞེས་པ་དང་།ཉིན་ཤས་གོང་ཁྲིད་པའི་གངས་སེང་ཡོད་མེད་ཀྱི་དཔྱད་པ་ཞེས་པའི་སློབ་ཚན་དག་ཁྲིད་སྐབས་བཤད་ཟིན་པས་སླར་རྒྱས་སྤྲོས་ཀྱི་དགོས་པ་མ་མཆིས།

མཁས་དབང་དགེ་འདུན་ཆོས་འཕེལ།1903ལོར་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་ཞོ་འོང་དཔྱི་བྱ་བར་སྐུ་འཁྲུངས།ཆུང་དུས་ནས་རིག་པའི་གནས་ཐ་དག་ལ་མཁས་པར་སྦྱངས།གསུང་རྩོམ་ལ།རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།དེབ་ཐེར་བཀར་པོ།སིང་ག་ལའི་རྟོགས་བརྗོད་དམ་སིང་ག་ལའི་ལམ་ཡིག་སོགས་མང་།ཀླུ་སྒྲུབ་དགོངས་རྒྱན་ཞེས་པ་དེ་ཁོང་གི་ཡིན་མིན་ལ་རྩོད་གཞིར་གསུངས་སོ།

༢བརྗོད་དོན་རྟོགས་སླ་བའི་དབང་དུ་བྱས་ནས་སློབ་ཚན་དབྱེ་ཞིབ།

བོད་ཅེས་པའི་མིང་འདིའི་འབོད་ཚུལ་མི་འདྲ་བར་དཔྱད་པ་བཏང་ཡོད།

ས་ཁྲར་བརྟེན་ནས་དབྱེ་ཞིབ་བྱ་རྒྱུ།

1རྒྱ་གར་བ་རྣམས་ཀྱིས་རང་རེ་བོད་ལ་བྷོ་ཊ་ཞེས་འབོད།ཀློག་ལས་བོད་ཅེས་པ་རྗེས་འཇུག་ད་ཡིག་གི་སྒྲ་གསལ་བར་ཐོན་པའི་དབང་གིས་བོད་ལས་བྷོད་དང་།དེ་ལས་བྷོ་ཊ་ཞེས་བྱ་བ་བྱུང་།

2རི་མོའི་ལམ་ནས་ཧི་མ་ལ་ཡ་སོགས་བསྟན་ནས་ཁ་བའི་ལྗོངས་དང་གངས་ཅན་ཟེར་བ་གང་དེའི་དོན་བསྒྱུར་ཡིན་པ།རིའི་མིང་ཡུལ་ལ་ཐོགས་པ།

3ཏི་བྷད་ཅེས་འབོད་པ་ལ་ལྟ་བ་ཁག་གཉིས།སྔ་མ་ནི་རྒྱ་ནག་གིས་ཏུའུ་ཕན་དུ་འབོད་པ་དང་སོག་པོས་ཐུ་བྷད་དུ་འབོད་པ་དག་སྒྲ་འགྱུར་ནས་བྱུང་བ།ཕྱི་མ་ནི་ཁ་ཆེས་བོད་ཀྱི་ལ་དྭགས་ཁུལ་ལ་སྟོད་བོད་དང་སྟོད་པ་ཞེས་འབོད་པའི་སྒྱུ་འགྱུར་བ་གཉིས་ལས་སློབ་མར་བསམ་གཞིགས་ཀྱི་དཔྱད་གཞི་བསྐྲུན་པ།

4གཉའ་ཁྲི་བཙན་པོ་སོགས་ཀྱི་སྐབས་སྤུར་རྒྱལ་དུ་འབོད།དེ་ནི་རྗེའི་ཡུལ་དང་འབྲེལ་ནས་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པ།དེ་ལ་དཔེ་དྲངས་ནས་བསྒྲུབ་པ་སྟེ།རྒྱལ་པོ་བྷ་ར་ཏས་བཟུང་བའི་ཡུལ་ཀུན་ལ་བྷ་ར་ཏ་ཞེས་འབོད་པ་འདྲ་བ།

5ཐོག་མར་བོན་གྱི་ཡུལ་དང་ཕྱིས་བོད་ཡུལ་ཞེས་སྒྲ་ཟུར་ཆག་པ།དེ་ཡང་གནམ་རི་སྲོང་བཙན་ཡན་ལ་བོན་ཆོས་ཡིན་པས་ཡ་མཚན་རྒྱུ་མེད་པ།གཞན་ཡང་གནས་དུས་སུ་རྗེས་འཇུག་ན་ད་གཉིས་རྗེས་པ་མང་བས་བོན་དང་བོད་བརྗེ་སྲིད་པར་ཡང་མསམས་དགོས་པ།

རྩོམ་པ་པོས་ཐ་སྙད་ཇི་ལྟར་བྱུང་ཚུལ་ལ་ཁ་མཚོན་མ་བཅད་ཀྱང་མི་རིགས་གཞན་གྱིས་བཏགས་པ་མ་ཡིན་པར་བོད་རང་གི་སྐད་ཡིན་པར་གསལ་པོར་བསྟན་པ་དང་།དོན་ཅི་ཡང་བཤད་རྒྱུ་མེད་པའི་འདོད་རྒྱལ་དུ་བཞག་གནང་འདུག

བཞི།བསྐྱར་དྲན།

དྲི་བའི་རྣམ་པའི་ཐོག་ནས་བསྐྱར་དྲན་བྱེད་པ།

བོད་ཅེས་པར་མིང་གི་འབོད་ཚུལ་མི་འདྲ་བ་ལྔ་གསུངས་དང་དེ་དག་གི་བྱུང་ཚུལ་ཇི་ཡིན་བཤད་པ་སྟེ།

1བོད་ཀྱི་ཀློག་དག་པས་བྷོ་ཊ།

2རི་མིང་ཡུལ་ལ་ཆགས་པས་གངས་ཅན།

3ཏུའུ་ཕན་དང་སྟོད་བོད་ཁག་གཉིས་ཀྱི་ཏི་བྷད།

4རྗེ་མིང་ཡུལ་ལ་ཐོགས་པས་སྤུར་རྒྱལ།

5བོན་ཆོས་དང་རྗེས་འཇུག་ན་ད་བརྗེས་པའི་བོད།

ལྔ།སྦྱང་གཞི་བཀོད་སྒྲིག

༡ཁྲིད་ཟིན་པའི་རང་བྱུང་དུམ་བུའི་ནང་རིགས་འགྲེའི་སྒྲུབ་ཐབས་དང་དཔེ་དྲངས་ནས་རིགས་སྒྲུབ་བྱེད་པའི་ཐབས་གཉིས་སྤྱད་ཡོད་པ་སོ་སོ

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

评论

0/150

提交评论