西藏林芝市第二高级中学2025届高三藏文上学期第二次月考试题_第1页
西藏林芝市第二高级中学2025届高三藏文上学期第二次月考试题_第2页
西藏林芝市第二高级中学2025届高三藏文上学期第二次月考试题_第3页
西藏林芝市第二高级中学2025届高三藏文上学期第二次月考试题_第4页
西藏林芝市第二高级中学2025届高三藏文上学期第二次月考试题_第5页
已阅读5页,还剩8页未读 继续免费阅读

下载本文档

版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领

文档简介

PAGE11-西藏林芝市其次高级中学2025届高三藏文上学期其次次月考试题【དོ་སྣང་བྱ་རྒྱུ།】1.རྒྱུགས་ཤོག་འདིར་ཁྱོན་ཤོག་ལྷེ་༤དང་།ཆ་ཤས་དྲུག་ལས་གྲུབ་ཡོད།ཡིག་ཚད་གཏོང་ཡུན་དུས་ཚོད་སྐར་མ་༡༢༠དང་།རྒྱུགས་ཤོག་ཧྲིལ་པོར་སྐར་གྲངས་༡༠༠ཡིན།2.རྒྱུགས་སྤྲོད་སློབ་མས་རྒྱུགས་ཤོག་དང་ལན་འདེབས་ཤོག་བྱང་བླངས་རྗེས་སྔོན་ལ་རང་མིང་དང་།རྒྱུགས་སྤྲོད་ལག་ཁྱེར་ཨང་གྲངས་དག་ལན་འདེབས་ཤོག་བྱང་ཐོག་གི་གཏན་འཁེལ་བྱས་པའི་གནས་སུ་བྲིས་རྗེས་ཐིག་རིས་གསང་རྟགས་(条形码)ཀྱང་སྦྱར་དགོས།3.འདེམ་འཇུག་དྲི་་གཞིར་ལན་རྒྱག་སྐབས་ངེས་པར་དུ་ཞ་སྨྱུག་(2B)གིས་ནག་པོ་བཟོ་དགོས་པ་དང་།དྲི་གཞི་གཞན་ལ་ལན་རྒྱག་སྐབས་ངེས་པར་དུ་སྣག་ཚ་ནག་པོའི་ལྕགས་སྨྱུག་གམ་མཆན་འགོད་སྨྱུ་གུས་གཏན་འཁེལ་བྱས་པའི་ལན་འདེབས་ཤོག་བྱང་ཐོག་དྲི་གཞིའི་གོ་རིམ་མ་འཁྲུག་པར་ངོས་གཙང་མར་འབྲི་དགོས།4.རྒྱུགས་ཤོག་གི་ལན་ངེས་པར་དུ་ལན་འདེབས་ཤོག་བྱང་ཐོག་བྲིས་ནས་ཡར་འབུལ་དགོས།གལ་ཏེ་ལན་རྣམས་རྒྱུགས་ཤོག་ཐོག་བཏབ་ཚེ་རྩིས་མེད་ཡིན།དང་པོ།འདེམ་འཇུག་དྲི་གཞི།(རེར་སྐར།2བསྡོམས་སྐར།50)(གཤམ་གྱི་དྲི་བའི་རེ་བ་དང་མཐུན་པའི་ལན་གཅིག་རང་ཡོད་པའི་མཚོན་རྟགས་གུག་རྟགས་ནང་འབྲི་དགོས།)1.གཤམ་གསལ་ལས་དག་ནོར་མེད་པའི་སྡེ་ནི()A.ཞབས་ཏོག་བསྙེན་བཀུར།བྱམ་གཟིགས་སྐྱོང་བརྡར།སེལ་འཇུག་དཀྲུག་ཤིང་།B.ཕྱགས་ཕྱི་ཞབས་ཏོག།ཞལ་ཏ་ཁ་བཀོད།ལྕག་དམར་སྐམ་གཅུན།C.སེལ་མཇུག་དཀྲུག་ཤིང་།དྲིན་ལན་ལོག་མཇལ།མ་རབས་ཐ་ཤལ།D.བུ་མོའི་ཕེར་ཤ།བཟང་བྱས་ངན་ལན།ལྷ་ཁང་ལོགས་རིས།2.གཤམ་གསལ་འགྲེལ་ཚུལ་ཡང་མ་དག་པ་ནི་()A.ཨང་ལྡིར།:འུད་ཤོབ་ཀྱི་དོན།འབར་འཐབ།:གཤེ་གཤེ་གཏོང་བ་ལ་ཟེར།ནོག་པོ:གཡོ་སྒྱུ་ཆེ་བའི་དོན།B.སྒོ་སམ།:ནག་པང་ལ་ཟེར།གཡང་ཤམ།:གོས་ལྷུག་ལྷུག་ཏུ་གྱོན་པའི་དོན།སང་ཐོ་ལོ།:འདམ་གཞུང་རྫོང་།C.སྤམ་རྫུ།:ཁ་ཞེ་མི་མཚུངས་པའི་རྣམ་འགྱུར།མཆིས་འབྲང་།:ཆུང་མ།ཟོག་སྟོང་།:གཡོ་སྒྱུའི་གཏམ་སྟོང་བ།D.ནོངས་པར་ཤེས།:སེམས་ལ་འགྱོད་པ་བྱུང་བ།མནོ་མི་མནོ།:བསམ་བྱ་སྣ་ཚོགས་པ།རྔོ་མི་ཐོགས།:ཕན་མི་ཐོགས།3.གཤམ་གསལ་ལས་དོན་འདྲ་བའི་ཚན་པ་ནི()Aམདའ་གླུ།སྡུག་གུ།སྨྲེང་གཞས།Bཁྱིམ་ཐབ།བཟའ་ཟླ།ཆུང་མ།Cལག་ལྡན།གླང་ཆེན།བསྙིལ་བ།D.སྤྲིན་གྱི་རྟ་མཆོགརླུང་།སྤྲིན།4.ས་བོན་ཆོས་ཅན་རྒྱུ་ཡིན་ཏེ།()Aམྱུ་གུ་སྐྱེད་བྱེད་ཡིན་པའི་ཕྱིར།Bམྱུ་གུའི་བསྐྱེད་བྱ་ཡིན་པའི་ཕྱིར་།Cམྱུ་གུའི་བརྒྱུད་རྒྱུ་ཡིན་པའི་ཕྱིར།D.མྱུ་གུའི་འབྲས་བུ་ཡིན་པའི་ཕྱིར།5.རང་འབྲས་རྩམ་པའི་སྔ་ལོགས་སུ་བྱུང་བའི་སྔ་ལོགས་སུ་བྱུང་བའི་རྩམ་པའི་རྒྱུར་གྱུར་པའི་ནས་དེ་རང་འབྲས་རྩམ་པའི་()ཡིན།A.དངོས་རྒྱུ།B.བརྒྱུད་རྒྱུ།C.དངོས་འབྲས།D.བརྒྱུད་འབྲས།6.དཀའ་གསལ་ལས།དེ་བཞིན་ཞན་པ་མོ་ལ་ཡང་།།ནང་གསེས་དྲག་ཞན་གཉིས་སུ་དབྱེ་ཞེས་པའི་མོ་ནི་()སྐབས་སུ་ཡིན།A.མིང་གཞིའི།B.སྔོན་འཇུགC.རྗེས་འཇུགD.སྔོན་རྗེས།7.《སྣང་ས་འོད་འབུམ་གྱི་རྣམ་ཐར》ནང་བུ་བཙས་པ།སྦྱིན་པ་བཏང་བ།ཕྲ་མ་བཅུག་པ།བཅར་རྡུང་ལས་རྩིབ་མ་བཅག་པ་ནི་བྱ་བའི་()ཡིན།A.འབྱུང་རྐྱེན།B.འཕེལ་རྒྱས།C.མཐོ་རླབས།D.མཇུག་འབྲས།8.རང་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་བྱེད་ནི()A.ལྷན་ཅིག་བྱེད་རྐྱེན།B.ཉེར་ལེན།C.དངོས་འབྲས།D.དངོས་རྒྱུ།9.སྤྲིན་པ་ཁ་སེར་གཏིང་ནག།སད་དང་སེར་བའི་གཞི་མ།།བན་དེ་སྐྱ་མིན་སེར་མིན།།སངས་རྒྱས་བསྟན་པའི་དགྲ་བོ་ཞེས་པ་ལྟ་བུ་ནི་()ཡིན།A.ལེགས་བཤད་ཀྱི་རྩོམ་སྟངས།B.དམངས་ཁྲོད་གླུ་གཞས།C.སྙན་རྩོམ་གསར་པ།D.གཏམ་དཔེ།10.འཛམ་གླིང་དུ་སྐད་གྲགས་ཀྱིས་ཆོད་པའི་སྒྲུང་གཏམ་ཐུང་གྲས་ཀྱི་རྩོམ་པ་པོ་གསུམ་ནི()ཡིན།A.སློབ་དཔོན་ཀླུ་སྒྲུབ།སློབ་དཔོན་དབྱུག་པ་ཅན།ལུའུ་ཞུན།B.ཨུ་རུ་སུའི་ཆི་ཧོ་ཧྥུ།ཧྥ་རན་སེའི་མོ་པོ་སང་།ཨ་རིའི་ཨོ་ཧན་རོས།C.དོན་གྲུབ་རྒྱལ།གླང་མདུན་དཔལ་འབྱོར།ཚེ་རིང་དོན་གྲུབ།Dཨུ་རུ་སུའི་ཆི་ཧོ་ཧྥུ།སློབ་དཔོན་ཀླུ་སྒྲུབ།དོན་གྲུབ་རྒྱལ།11.དུག་ཤིང་སྟག་མ་ཁ་དོག་མཚར་ནའང་།།མཆོད་གཤོམ་མཛེས་པའི་བུམ་རྒྱན་གང་ནས་ཡོང་།།དོ་ལོ་སྔོན་པོ་ཁ་དོག་མཚར་ནའང་།།གྲུ་དམར་གཡུ་ཡི་མཐུན་སྡེབས་ཅི་ལ་ཡོང་།།བྱིའུ་ལྕོག་མོ་གཤོག་འགྱུར་མཁས་ནའང་།།ཐར་དཀར་རྒོད་པོའི་ནམ་འཕང་གཤོད་དོགས་མེད།།བུ་མོ་སྣང་ས་སྐྱེ་འབྲས་ལེགས་ནའང་།།མི་ཆེན་དཔོན་པོའི་བཙུན་མོ་གང་ནས་ཡོང་སྙན་ཚིག་འདིར་རྒྱན་()སྤྱད་ཡོད།A.ཟླ་བོ་དངོས་པོའི་དཔེ།B.གཟུགས་རྒྱན།C.རབ་རྟོག་རྒྱན།D.མང་བའི་དཔེ།12.སྐབས།དགའ།བརྩོན་གསུམ་ནི་རྗེས་འཇུག་སྒྲ་ཡི་འཇུག་པ་བརྒྱད་ལས་རིམ་བཞིན()ཡིན།A.སྐྱེས་བུ་རབ།ཤིན་ཏུ་མོ།མཚན་མེད་མ་ནིང་།B.སྐྱེས་བུ་འབྲིང་།ཤིན་ཏུ་མོ།འགྱུར་བ་མ་ནིང་།C.སྐྱེས་བུ་རབ།མོ་ཙམ།འགྱུར་བ་མ་ནིང་།D.སྐྱེས་བུ་འབྲིང་།མོ་ཙམ།འགྱུར་བ་མ་ནིང་།13.ཆུ་དྭངས་ནོར་བུ་ཞེས་པ་ནི()ལ་གོA.ནོར་བུ་ཀེ་ཏ་ཀ།B.ནོར་བུ་ཀ་ཤུ་ཀ།C.མུ་ཏིགD.མེ་ཏོག་པད་མ།14.ལས་ལ་བགྱི་བ་མ་བཏང་ན།དོན་ཆེན་དག་ཀྱང་མཐར་གྱིས་འགྲུབ།ཕ་བོང་སྒུལ་བར་དཀའ་ན་ཡང་།རིམ་གྱིས་རི་རྩེར་འབྱིན་པར་ནུས།།ཞེས་པ་ལས་()གལ་ཆེའི་རང་བཞིན་བསྟན་ཡོད།A.ཤེས་རབ་ཀྱི།B.བརྩོན་འགྲུས།C.ཁོར་ཡུག་གིD.སྒྱིད་ལུག15.མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་གནང་བའི་རང་རྣམ་ཡིན་པ་ནི་()A.《མི་དབང་རྟོགས་བརྗོད》B.《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》C.《བཀའ་བློན་རྟོགས་བརྗོད》D.《སྐད་གཉིས་ཤན་སྦྱར་ནོར་བུའི་དོ་ཤལ》16.《ལེགས་བཤད་འཕྲུལ་གྱི་དྲ་བ་》ལས་“མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པར་ཤོད”ཅེས་པའི་ནང་དོན་དང་འདྲ་བའི་གཏམ་དཔེ་ནི()A.ཁ་བཤད་ཆུ་ཡི་ལྦུ་བ།ལག་ལེན་གསེར་གྱི་ཐིགས་པ།B.ཁ་སངས་ན་གོ་བདེ།ནམ་ལངས་ན་འགྲོ་བདེ།C.གསང་བ་ཕ་ལའང་མ་ཤོད།ཕ་ཡང་མི་ཡི་བུ་ཡིན།D.གང་ཡང་མ་བཤད་པ་དང་།གང་ཡང་མ་གོ་ན་ཡག་ཤོས་ཡིན།17.གཤམ་གསལ་བརྗོད་ཚུལ་ལས་ཡང་དག་པ་ནི()A.རྒྱུ་དང་།འབྲས་བུ།དངོས་པོ་གསུམ་དོན་གཅིགB.ཤེས་བྱ།གཞལ་བྱ།དངོས་པོ་གསུམ་དོན་གཅིགC.བཏགས་ཡོད་ཆོས་གསུམ་ཚང་བ་དང་།མཚན་ཉིད།མཚོན་བྱ་གསུམ་དོན་གཅིགD.རྫས་ཡོད་ཆོས་གསུམ་ཚང་བ་དང་།མཚན་ཉིད།མཚོན་བྱ་གསུམ་དོན་གཅིག18. བྱིས་པ་མལ་དུ་ཉལ།བྱ་བ་བདེ་བླག་ཏུ་འགྲུབ།ཅེས་པ་ནི་ལ་དོན་གྱི་འཇུག་ཚུལ་ལས()ཡིན།=1\*GB3①རྣམ་དབྱེ་གཉིས་པ།=2\*GB3②རྣམ་དབྱེ་བཞི་པ།=3\*GB3③དེ་ཉིད།=4\*GB3④རྣམ་དབྱེ་བདུན་པ།A.=1\*GB3①=4\*GB3④B.=2\*GB3②=3\*GB3③C.=1\*GB3①=3\*GB3③D.=3\*GB3③=4\*GB3④19.གཤམ་གསལ་ལས་མིང་དཀྱུས་མ་དང་ཞེ་ས་གཅིག་ཏུ་སྦྱར་བའི་སྡེ་ནི()ཡིན།A.མགྲོན་པོ་ལ་སྐུ་མགྲོན།གདུང་རྒྱུད་ལ་སྐུ་རྒྱུད།B.བློ་མིག་ལ་མཁྱེན་སྤྱན།ལག་ལེན་ལ་ཕྱག་བཞེས།C.ཞྭ་ལ་དབུ་ཞྭ།མི་དྲག་ལ་སྐུ་དྲགD.གཟན་ལ་སྐུ་གཟན།ཁྲུས་ལ་ཞལ་ཁྲུས།20.ཞལ་རས་གསལ་ལ་རང་མདངས་གང་བ་བཟང་།གདམས་ངག་ཟབ་ལ་མ་ཆད་ཐ་དད་རང་།ལས་ངན་བག་ཆགས་ཐམས་ཅད་བསག་མཛད་པ།འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།ཞེས་པ་ནི()ཡིན།A.སངས་རྒྱས་དང་ལྷ་རྣམས་ལ་ཞེ་ས་སྦྱར་ཚུལ།B.རང་ལས་ཆེ་བ་ལ་ཞེ་ས་སྦྱར་ཚུལ།C.རང་དང་མཉམ་པ་རྣམས་ལ་ཞེ་ས་སྦྱར་ཚུལ།D.རང་ལས་དམན་པར་ཞེ་ས་སྦྱར་ཚུལ།21.གཤམ་གསལ་ལས་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་པ་གང་ཞིགརྣམ་དབྱེ་འདྲེན་ཚུལ་ལས་རྟགས་མཚུངས་འདྲེན་པ་ཡིན་པའི་སྡེ་ནི()ཡིན།A.ཉི་འོད་རབ་ཏུ་འཚེར།B.དབུས་སུ་ཡབ་ཆེན་བཞུགས།C.ནད་སེལ་ཆེད་དུ་སྨན་བཟས།D.འཁོར་ཁང་དུ་འཕྲུལ་འཁོར་བཟོས།22.དངོས་པོ་བདག་གཞན་གྱི་དབྱེ་བ་མཛད་པའི་དགོས་པ་ནི()A.བྱེད་པ་པོ་དང་བྱ་བའི་ཡུལ་གྱི་སྒྲ་རྣམས་བསྡུ་ཕྱིར་ཡིན།B.བདག་གཞན་དབྱེ་བས་མ་ཁྱབ་པའི་བྱ་བྱེད་ཀྱི་སྒྲ་ལྷག་མ་རྣམས་བསྡུ་ཕྱིར་ཡིན།C.ང་ཞེས་པ་དང་ཁོང་ཞེས་པའི་དངོས་པོ་རྣམས་བསྡུ་ཕྱིར་ཡིན།D.སྔོན་འཇུག་དང་རྗེས་འཇུག་རྣམས་བསྡུ་ཕྱིར་ཡིན།23.སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཅེས་པའི་ནང་བྱ་ཚིག་()ཡོད།A.གཅིགB.གཉིས།C.གསུམ།D.བཞི།24.བོད་ཀྱི་སྤྱི་ཚོགས་སུ་ཕྱག་དང་ཞེ་ས་བྱུང་བའི་དུས་ནི་()A.བོད་སིལ་བུའི་དུས་སུ་ཡིན།B.སྤུར་རྒྱལ་གཉའ་ཁྲི་བཙན་པོའི་སྐབས།C.སྤུར་རྒྱལ་གཉའ་ཁྲི་བཙན་པོའི་གོང་རོལ་ན།D.དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་ཡིན།25.མི་སྣའི་གཤིས་ཀ་གྲུབ་པ་དང་།མི་སྣས་བྱེད་སྒོ་སྤེལ་བའི་དམིགས་བསལ་གྱི་ས་ཆ་ལ་()ཟེར།A.སྒྲུང་གཏམ་གྱི་ཁོར་ཡུགB.རང་བྱུང་ཁོར་ཡུགC.སྤྱི་ཚོགས་ཁོར་ཡུགD.སྒྲུང་གཏམ་གྱི་གོ་དོནཞགཉིས་པ།སྟོང་ཆ་ཁ་སྐོང་།(རེར་སྐར།1བསྡོམས་སྐར།10)26.སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པ་ལས།()ནི་འདས་དང་གཞན་སྒྲུབ་ཕྱིར།()གཉིས་ཀ་ད་ལྟ་ཆེད།མོ་ནི་བདག་ལྟ་མ་འོངས་ཕྱིར།ཤིན་ཏུ་མོ་ནི་()རོ།27.དགུང་བློན་མ་རུང་བ་གསུམ་པོ་ནི།()()()28.རྟོགས་བརྗོད་རྩོམ་ཡིག་སྲོག་རྩ་ནི་()29.དུས་གསུམ་ལ་འཇུག་ཚུལ་རྣམ་པའི་སྒོ་ནས་དབྱེ་ན་དུས་གསུམ()()()བཅས་ཡིན།གསུམ་པ།དྲི་བར་ལན་འདེབས་དགོས།(རེར་སྐར།4བསྡོམས་སྐར།16)30.རྩ་བར།ཕོ་གསུམ་མོ་གཉིས་མ་ནིང་གསུམ།དྲག་གཞན་བར་མ་གསུམ་དུ་འཇུག།ཅེས་པའི་མ་ནིང་གསུམ་དེ་གང་ལ་གོ་དགོས་པ་ཡིན།ལན།31.གཞི་གཅིག་ལ་ལྟོས་ན་རྒྱུ་འབྲས་གཉིས་འགལ་བ་ཡིན་ནམ་མིན།རྒྱུ་མཚན་ཅི།ལན།32.རྟོགས་བརྗོད་དང་རྣམ་ཐར་ལ་ཁྱད་པར་གང་ཡོད་དམ།ལན།33.བྱ་བ་མེ་ལས་དབལ་ཚ་བ།ཆུ་ལས་རྦ་དྲག་པ།རྔ་མ་ལས་ཉག་ཕྲ་བ།རྒྱ་གཡེར་ལས་ཁ་ཚ་བ།སྲན་མ་ལས་རྡོག་འགྲིལ་བ།བག་ཕྱེ་ལས་རྩི་ཞིབ་པ།འདིར་མི་སྣ་སུ་ཞིག་གི་རང་གཤིས་བྱེ་བྲག་པ་གང་ཞིག་གསལ་མཚོན་བྱས་ཡོད།བཞི་པ།ལྟ་ཀློག་དབྱེ་ཞིབ།【དཔྱད་གཞི】དང་པོ།(རེར་སྐར།2བསྡོམས་སྐར།10)གཤམ་གྱི་ཚིགས་བཅད་བཀླགས་རྗེས་དྲི་གཞི་34ནས་38བར་ལན་འདེབས་དགོས།སྐུ་གཟུགས་རྨ་བྱ་ལས་མཛེས་པ།གསུང་ངག་འཇོལ་མོ་ལས་སྙན་པ།ཐུགས་རིག་འཇའ་ཚོན་ལས་བཀྲ་བ།སྐུ་དབང་རི་རབ་ལས་ཆེ་བ།34.གོང་གི་ཚིགས་བཅད་འདི་དཔེ་རྒྱན་གྱི་ནང་གསེས་()ཡིན།A.དངོས་དཔེ།B.ཆོས་དཔེ།C.མང་བའི་དཔེ།D.ཟླ་བོ་དངོས་པོའི་དཔེ།35.གོང་བཀོད་ཚིགས་བཅད་འདི་ལས་མི་སྣ་()སྣང་བརྙན་མཚོན།A.མྰ་ཏི་ཡ་ཏེའི།B.ལྕམ་ལུ་ཝ་ཙེའི།C.བུ་མོ་སྣང་སའི།D.བུ་མོ་འཛོམས་པ་སྐྱིད་ཀྱི།36..གོང་གི་ཚིགས་བཅད་ནང་དཔེ་ཅན་ངོས་འཛིན་པ་ཡང་དག་པ་ནི( )A.མཛེས་པ།སྙན་པ།བཀྲ་བ།ཆེ་བ།B.སྐུ་གཟུགས།གསུང་ངགཐུགས་རིགསྐུ་དབང་།C.རྨ་བྱ་འཇོལ་མོ།འཇའ་ཚོན།རི་རབ།D.སྐུ་གཟུགས།གསུང་ངགའཇའ་ཚོན།སྐུ་དབང་།37.གོང་གསལ་ཚིགས་བཅད་ནང་གི་ལས་སྒྲ་སྐབས་འདིར་()འཇུག།A.འབྱུང་ཁུངས་ཀྱི་ཕྲད།B.བྱ་བྱེད་ལས་གསུམ་གྱི་ལས་ལ།C.མཚུངས་པ་གསལ་བྱེད་ཀྱི་སྒྲ་ལ།D.རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལ།38.གོང་གི་ཚིགས་བཅད་ནང་མཛེས་པ།སྙན་པ།བཀྲ་བ།ཆེ་བ་ནི།()ཡིན།Aདཔེ་ཅན།Bདཔེ།Cམཚུངས་ཆོས།D.མཚུངས་སྒྲ།【དཔྱད་གཞི】གཉིས་པ།(རེར་སྐར།2བསྡོམས་སྐར།14)གཤམ་གྱི་སྙན་ངག་དུམ་བུ་བཀླགས་ནས་དྲི་བ39ནས45ལ་ལན་འདེབས་དགོས།མཚན་མོའི་ཐུན་ཐ་མ་རྫོགས་པའི་ནམ་ལང་དུ་ཉེ་བ་ན་མིའི་དབང་པོ་རང་ཉིད་དཔུང་ཚོགས་དང་བཅས་པ་གོ་ཆ་བཙན་པོ་ནི་བཀླུབས།མཚོན་བྱའི་བྱེ་བྲག་རྣོ་དབལ་དང་ལྡན་པ་རླུང་སྤུ་གྲིའི་འཕྲུལ་འཁོར་ལྟ་བུ་ནི་བཟུང་།རྟ་མཆོག་རླུང་གི་ཤུགས་དང་ལྡན་པ་མཇུག་མ་བཅིངས་ཤིང་སྒ་སྲབ་ཀྱིས་བཏུལ་བ་ལ་ནི་བཅིབས།འཆི་བདག་གཤིན་རྗེའི་རྒྱལ་པོའི་རྟེན་ཐུག་མེའི་ཚ་ཚ་མངོན་སུམ་དུ་འཕྲོ་བ་དེ་ཉིད་སྔོན་དུ་འགྲོ་ཞིང་།དེའི་ཕྱི་ནས་མིའི་དབང་པོ་རང་ཉིད་ཞེ་སྡང་གིས་མྱོས་པས་བཞིན་རས་ཉི་མ་འཆར་ཀའི་དཔལ་ལྟར་དམར་བ།ཞལ་ནས་ང་རྒྱལ་གྱི་ལྦུ་བ་དཀར་པོ་འབབ་པ།དབུ་དཔྲལ་ན་རྩ་གསུམ་གྱེན་དུ་སྒྲེང་ཞིང་ཕྱག་གཉིས་འདྲིལ་བཞིན་པ།ཞམ་རིང་བ་དག་གིས་སྲབ་མདའ་ནས་བཟུང་བའང་ལྕག་གིས་བྲབ་པ་དང་མཚོན་བརྡེག་པར་རྩོམ་པ།མཆོང་ངོ་བརྡེག་གོ་གསད་དོ་ཞེས་པའི་སྒྲ་ཚམ་རྔམ་ཅན་བཅོས་མིན་དུ་སྒྲོག་བཞིན་པར་རང་ཉིད་ཁོ་ནས་རུ་སྣེ་དྲངས་ཏེ་སྦྲུལ་ཟངས་མིག་ཅན་ཐུར་དུ་རྒྱུག་པ་དང་འདྲ་བར་ཚམ་ཚོམ་མེད་པར་མཆོངས་པ་ན།དགུང་བློན་ལུམ་པ་བ་དཔུང་བཅས་པ་ནི་མེའི་འཕྲུལ་འཁོར་ལན་ཅིག་བསྐུལ་བའམ།ཉག་ཕྲན་ལན་ཅིག་འཕངས་པའམ།ཕྱོགས་དེར་ཐལ་བ་གཏོར་བ་ཙམ་གྱི་མཐུ་ཡང་མེད་པར་སྐད་ཅིག་གིས་བྱེར་ཞིང་འཐོར་བར་གྱུར་བ་ནི།དཔེར་ན་ཐོ་རངས་ནམ་ལང་དུ་ཉེ་བ་ན།དེའི་མདུན་ནས་མུན་པ་འབྲོས་པ་བཞིན་དུ་འགའ་ཞིག་ནི་མདུང་རིང་བོར།ཁ་ཅིག་ནི་རལ་གྲི་བོར།ལ་ལ་ནི་འཁོར་གསུམ་བོར་ཏེ་དབུགས་ཧལ་བཞིན་པར་བཞོན་པར་བཞོན་པ་ལ་ལྕག་གིས་བསྣུན་ཅིང་ཁྱུ་ཁྱུ་ཞེས་འབྲོས་པར་བྱེད་དོ།39.གོང་གི་དུམ་བུའི་ནང་མིའི་དབང་པོ་རང་ཉིད་ཀྱིས་དཔུང་སྣེ་དྲངས་སྟེ་འཇིགས་ཞུམ་མེད་པར་མཆོངས་པའི་དཔེ་ལ་()བཀོད།A.རླུང་སྤུ་གྲིའི་འཕྲུལ་འཁོར།B.འཆི་བདག་གཤིན་རྗེའི་རྒྱལ་པོ།C.སྦྲུལ་ཟངས་མིག་ཅན་ཐུར་དུ་རྒྱུག་པ།D.མུན་པ་འབྲོས་པ།40.གོང་གི་རྟགས་འཁོད་པའི་ནི་སྒྲ་རྣམས་()དོན་སྟོན་པ་ལ་འཇུགA.དགར་བ།B.བརྣན་པ།C.རྐང་པ་ཁ་སྐོང་བ།D.དམན་པར་དགར་བ།41.བཞིན་རས་ཉི་མ་འཆར་ཀའི་དཔལ་ལྟར་དམར་བ།ཞལ་ནས་ང་རྒྱལ་གྱི་ལྦུ་བ་དཀར་པོ་འབབ་པ།དབུ་དཔྲལ་ན་རྩ་གསུམ་གྱེན་དུ་སྒྲེང་པ་ཞེས་པ་ལས་()ཕྱིའི་རྣམ་པ་བཀོད་ཡོད།A.མདོ་མཁར་ཞབས་དྲུང་གིB.ལུམ་པ་བ་བཀྲ་ཤིས་རྒྱལ་པོའི།C.ཕོ་ལྷ་བ་བསོད་ནམས་རྒྱལ་པོའི།D.ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ།42.དགུང་བློན་ང་ཕོད་པའི་དཔུང་ཚོགས་འདམ་ལྗོངས་སུ་ཡོང་རྒྱུར་ཕོ་ལྷའི་དམག་གིས་ཡུན་རིང་རེ་སྒུག་བྱས་པ་མཚོན་པ་ནི( )A.ཚད་པས་རྨྱ་བའི་ལག་ལྡན་པད་མཚོར་འཇུག་པ།B.སྦུལ་ཟངས་མིག་ཅན་ཐུར་དུ་རྒྱུག་པ།C.ནམ་མཁའ་ལྡིང་ཀླུ་ཟ་བ་ལ་སྒུག་པ་བཞིན།D.ཐོ་རེངས་ཤར་བས་མུན་པ་བྲོས་པ་བཞིན།43.《དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ》ཞེས་པའི་རྩོམ་པ་པོ་ནི()A.མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།B.ལུམ་པ་བ་བཀྲ་ཤིས་རྒྱལ་པོའི།C.ཕོ་ལྷ་བ་བསོད་ནམས་རྒྱལ་པོའི།D.ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ།44.གཤམ་གསལ་ལས་འགྲེལ་པ་བྱས་པ་ཡང་དག་པ་ནི()ཡིན།A.གོ་ཆ།མཚོན་ཆ།B.ཞམ་རིང་པ།རྐང་པ་རིང་པོ།C.རྔོ་མི་ཐོགས།ཕན་ཐོགས་པ།D.ཉག་ཕྲན།མདའ།45.བཞིན་རས་ཉི་མ་འཆར་ཀའི་དཔལ་ལྟར་དམར་བ།( )ཡིན།A.དངོས་དཔེ།B.གཟུགས་རྒྱན།C.ཆོས་དཔེ།D.རབ་རྟོག།ལྔ་པ།འཚོལ་དཔྱད་རང་བཞིན་གྱི་འདྲི་གཞི།(བསྡོམས་སྐར།5)46.རང་རེ་བོད་ལ་ཆེས་སྔ་བའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དུས་ནས་ཕྱག་དང་ཞེ་ས་དར་ཞིང་གཏམ་དཔེ་ལ།“ཡ་རབས་ཕྱག་དང་ཞེ་ས་མཁས།མ་རབས་སྙིང་དང་གྲོད་པ་ཆེ”ཞེས་ཞེ་ས་ཤེས་མིན་དེ་མི་ཞིག་ལ་བྱང་ཚད་དང་གུས་ཞབས་ལྡན་མིན་གྱི་ཚད་གཞིར་འཇོག་པ་མ་ཟད།ཞེ་ས་གམ་ཞེ་ཚིག་ནི་བོད་སྐད་ཀྱིད་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཀྱང་ཡིན།འོན་ཀྱང་དེང་གི་དུས་འདིར་མི་མང་པོ་དང་ཡང་སྒོས་སུ་ན་གཞོན་མི་ཉུང་བ་ཞིག་གིས་ཞེ་ས་མི་ཤེས་པའམ་ཞེ་ཚིག་ཕྱིན་ཅི་ལོག་ཏུ་སྤྱད་ནས་བཞད་གད་སློང་བ།ཞེ་ས་ལ་དང་དོད་མི་བྱེད་པ་སོགས་ཀྱི་སྣང་ཚུལ་མང་པོ་ཐོན་གྱི་ཡོད།དེས་ན་ཁྱེད་ཀྱིས་ཞེ་ས་ཤེས་དང་མི་ཤེས།སྤྱོད་དང་མི་སྤྱོད་ཀྱི་ཐད་དགེ་སྐྱོན་གང་ཡོད་ཀྱི་ལྟ་ཚུལ་གསལ་བར་གླེང་དང་།ལན།དྲུག་པ།རྩོམ་ཡིག(བསྡོམས་སྐར།45)དང་པོ་ཁྱེད་དང་ང་གཉིས་མཉམ་པ་ལ།ཁྱེད་ནི་བརྩོན་འགྲུས་དབང་གིས་རྫོགས་སངས་རྒྱས།།ང་ནི་ལེ་ལོའི་དབང་གིས་འཁོར་བར་འཁྱམས།།ད་ནི་ང་ཡིས་ཁྱེད་ལ་ཕྱག་འཚལ་ལོ།།ཞེས་སྔ

温馨提示

  • 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
  • 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
  • 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
  • 4. 未经权益所有人同意不得将文件中的内容挪作商业或盈利用途。
  • 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
  • 6. 下载文件中如有侵权或不适当内容,请与我们联系,我们立即纠正。
  • 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。

评论

0/150

提交评论