版权说明:本文档由用户提供并上传,收益归属内容提供方,若内容存在侵权,请进行举报或认领
文档简介
“གྲུ་བཞི་ནར་གཟུགས་ངོས་འཛིན་པ”ཞེས་པའི་སློབ་ཁྲིད་ཇུས་འགོད།
སློབ་ཁྲིད་ཀྱི་ནང་དོན།གྲུ་བཞི་ནར་གཟུགས་ངོས་འཛིན་པ།ཤོག་ངོས27ནས29བར།
སློབ་ཁྲིད་ཀྱི་དམིགས་ཚད།
གཅིགཤེས་བྱའི་དམིགས་ཚད།1.གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་རྟོགས་པ།(གཙོ་གནད)
2.གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་།མཐོ་བཅས་ངོས་འཛིན་པ།(དཀའ་གནད)
གཉིས།ནུས་རྩལ་དམིགས་ཚད།སློབ་མའི་ལྟ་ཞིབ་དང་།ལག་པ་འགུལ་བ།དཔྱད་བསྡུར།ཕྱོགས་བསྡུས་བཅས་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པ།
གསུམ།བརྩེ་སེམས་དམིགས་ཚད།
ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་དང་།ཕན་ཚུན་འགྲིག་མཐུན་མཉམ་འབྲེལ་བྱེད་པའི་གོམས་གཤིས་བསྐྱེད་བསྲིང་བྱེད་པ།
ཁྲིད་ཐབས་དང་སློབ་ཐབས།
ལྟ་ཞིབ་ཐབས་དང་།དཔྱད་བསྡུར་ཐབས།ཕྱོགས་བསྡུས་ཐབས།
ཡོ་ཆས།སྨྱན་མང་གཟུགས།གྲུ་བཞི་ནར་གཟུགས་ཀྱི་སྒྲོམ་གཞི།ཤོག་སྒམ་སོགས།
སློབ་ཁྲིད་ཀྱི་བརྒྱུད་རིམ།
གཅིགསྔོན་འགྲོའི་ཚད་འཇལ།
དྲི་བ།ཕྱིར་དྲན་བྱོས་དང་།ང་ཚོས་སྔོན་ཆད་སྦྱངས་ཟིན་པའི་རིས་དབྱིབས་གང་དག་ཡོད།(སློབ་མས་དྲིས་ལན་བཏབ་པ་དང་བསྟུན་ནས་སློབ་ཁྲིད་མཉེན་ཆས་ལས་གཤམ་གྱི་རིས་དབྱིབས་སྟོན་པ)
དྲི་བ།འདི་དག་ཚང་མ་ཅི་ཞིག་གིས་གྲུབ་པའི་རིས་དབྱིབས་ཡིན།(ཐིག་དུམ་གྱིས་བསྐོར་ནས་གྲུབ་པའི་ངོས་སྙོམས་རིས་དབྱིབས་ཡིན)
དྲི་བ།འདི་དག་ཀྱང་ངོས་སྙོམས་ཡིན་ནམ།(མཉེན་ཆས་སྟོན་པ)
གསལ་བཤད།དངོས་གཟུགས་འདི་དག་གིས་བར་སྟོང་ངེས་ཅན་ཞིག་བཟུང་ཡོད་པས་ཚང་མ་ལངས་གཟུགས་རིས་དབྱིབས་ཡིན།དེའི་ནང་ཁ་ཤས་ཤིག་གྲུ་བཞི་ནར་གཟུགས་དང་གྲུ་བཞི་ཁ་གང་གཟུགས་ཡིན།ཁྱོད་ཚོས་དེ་དག་སྟོན་ཐུབ་བམ།
དྲི་བ།ཁྱོད་ཚོས་གྲུ་བཞི་ནར་གཟུགས་ཡིན་པའི་དངོས་པོ་གང་དག་མཐོང་མྱོང་།(ལན་བཏབ་རྗེས་བསླབ་དེབ་ཀྱི་ཤོག་ངོས27སྟེང་གི་རི་མོ་སྟོན་པ)
གསལ་བཤད།ང་ཚོས་ཉེ་འཁོར་དུ་དངོས་པོ་མང་པོ་ཞིག་གི་གཟུགས་དབྱིབས་ནི་གྲུ་བཞི་ནར་གཟུགས་ཡིན་པའི་རྒྱུ་མཚན་ཅི།གྲུ་བཞི་ནར་གཟུགས་ལ་ཁྱད་ཆོས་ཅི་ཡོད།དེ་ནི་དེ་རིང་ང་ཚོས་སློབ་སྦྱོང་བྱ་དགོས་པའི་ནང་དོན་ཡིན།གཤམ་ནས་ང་ཚོས་མཉམ་དུ་སློབ་སྦྱོང་བྱ།
གཉིས།དམིགས་ཚད་ངོས་འཛིན།(སྨྱན་མང་གཟུགས་ཀྱིས་ཁྲིད་བྱང་དང་དམིགས་ཚད་སྟོན་པ)
གསུམ།ནང་དོན་གསར་བ་ཁྲིད་སྟོན།
1.གྲུ་བཞི་ནར་གཟུགས་ཀྱི་ངོས་དང་གྲུ།རྩེ་ཚེག་ངོས་འཛིན་པ།
(1)ངོས།གྲུ་བཞི་ནར་གཟུགས་ལ་ངོས་ག་ཚོད་ཡོད།(མཉེན་ཆས་ལས།གྲུ་བཞི་ནརགཟུགས་ཀྱི་ངོས་སོ་སོར་གཏོར་བ)
དྲི་བ།རང་ཉིད་ཀྱི་སློབ་ཆས་ལ་ལྟ་ཞིབ་བྱས་ནས་ལན་ཐོབས།གྲུ་བཞི་ནར་གཟུགས་ལ་ངོས་ག་ཚོད་དང་།སོ་སོར་གང་དང་གང་ཡིན།ངོས་སོ་སོའི་དབྱིབས་ཅི་ཞིག་ཡིན།
(སློབ་མས་ལན་བཏབ་པ་དང་བསྟུན་ནས་ཕྱོགས་བསྡུས་བྱེད་པ)
ཕྱོགས་བསྡུས།གྲུ་བཞི་ནར་གཟུགས་ལ་སྟེང་།འོགམདུན།རྒྱབ།གཡས།གཡོན་བཅས་ངོས6ཡོད།
ངོས6པོ་ཚང་མ་གྲུ་བཞི་ནར་དབྱིབས་ཡིན།དམིགས་བསལ་གྱི་གནས་ཚུལ་འོག་ཏུ་ཁ་གཏད་པའི་ངོས་ཆ་གཅིག་གྲུ་བཞི་ཁ་གང་དབྱིབས་ཡིན་པའང་ཡོད།
དྲི་བ།གྲུ་བཞི་ནར་གཟུགས་ཀྱི་མདུན་ངོས་དང་རྒྱབ་ངོས་གཉིས་ནི་ཇི་འདྲ་ཡིན།(ཕན་ཚུན་ཁ་གཏད་ཡིན)
དྲི་བ།གྲུ་བཞི་ནར་གཟུགས་ལ་ཁ་གཏད་ཀྱི་ངོས་ཚོ་ག་ཚོད་ཡོད།(ཚོ3ཡོད)ཕན་ཚུན་ཁ་གཏད་པའི་ངོས་གཉིས་ཀྱི་དབྱིབས་དང་ཆེ་ཆུང་ཇི་འདྲ་ཡིན།
(མཉེན་ཆས་ལས་ཁ་གཏད་ཀྱི་ངོས་འདྲ་མཚུངས་ཡིན་པ་བསྟན་རྗེས་སློབ་མ་ཚོར་རང་རང་གི་སློབ་ཆས་ཀྱི་སྟེང་འོགགཡས་གཡོན།མདུན་རྒྱབ་བཅས་ཁ་གཏད་ངོས་ཀྱི་སྲིད་དང་ཞེང་གི་རིང་ཚད་འཇལ་དུ་བཅུག་ནས་ཁ་གཏད་ངོས་ཀྱི་དབྱིབས་དང་ཆེ་ཆུང་ཡོངས་སུ་མཚུངས་པ་དེ་ར་སྤྲོད་བྱེད་པ)
ཕྱོགས་བསྡུས།ཁ་གཏད་ཀྱི་ངོས་ཡོངས་སུ་མཚུངས་པ་ཡིན།
(2)གྲུ།(མཉེན་ཆས་ལས་གྲུ་བཞི་ནར་གཟུགས་ཀྱི་གྲུ་བསྟན་རྗེས་དྲི་བ་འདོན་པ)
དྲི་བ།གྲུ་བཞི་ནར་གཟུགས་ལ་གྲུ་ག་ཚོད་ཡོད།གྲུ་དེ་དག་ཚོ་ག་ཚོད་ལ་བགོས་ཆོགགྲུ་གང་དག་གི་རིང་ཚད་མཚུངས་པ་ཡིན།(ཚོ་ཆུང་མཉམ་ལས་ཀྱིས་གྲུ་བཞི་ནར་གཟུགས་ཀྱི་སྒྲོམ་གཞི་ལས་པ)
ཕྱོགས་བསྡུས།གྲུ་བཞི་ནར་གཟུགས་ལ་གྲུ12དང་།ཁ་གཏད་ཀྱི་གྲུའིརིང་ཚད་འདྲ་མཚུངས་ཡིན་པས་དེ་དག་མཉམ་འགྲོའི་གྲུ4རེ་བྱས་ནས་ཚོ3ལ་བགོས་ཆོག
(3)རྩེ་ཚེག
རྩེ་ཚེགདྲི་བ།གྲུ་བཞི་ནར་གཟུགས་ལ་རྩེ་ཚེག་ག་ཚོད་ཡོད།(མཉེན་ཆས་དང་སློབ་ཆས་ལས་གྲུ་བཞི་ནར་གཟུགས་ཀྱི་རྩེ་ཚེག་བརྩི་བ)
ཕྱོགས་བསྡུས།གྲུ་བཞི་ནར་གཟུགས་ལ་རྩེ་ཚེག8ཡོད།
2.གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་།མཐོ་བཅས་ངོས་འཛིན་པ།
(1)དྲི་བ།རྩེ་ཚེག་གཅིག་ཏུ་བསྣོལ་བའི་གྲུ་གསུམ་གྱི་རིང་ཚད་མཚུངས་སམ།(མི་མཚུངས།)
གསལ་བཤད།རྩེ་ཚེག་གཅིག་ཏུ་བསྣོལ་བའི་གྲུ་གསུམ་གྱི་རིང་ཚད་སོ་སོར་གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་།མཐོ་ཟེར།
མཐོ
སྲིད
ཞེང
ཞབས་ངོས་ལས་ཅུང་རིང་བའི་གྲུ་དེ་སྲིད་དང་ཅུང་ཐུང་བ་དེ་ནི་ཞེང་།ཞབས་ངོས་དང་དྲང་འཕྱང་དུ་གནས་པའི་གྲུ་དེ་ནི་མཐོ་ཡིན་པར་གཏན་འཁེལ་བྱས་ཡོད།གྲུ་བཞི་ནར་གཟུགས་དེ་དྲང་མོར་འཇོག་ཚུལ་མི་འདྲ་བའི་སྐབས་སུ་དེའི་སྲིད་ཞེང་མཐོའང་འགྱུར་འགྲོ་བ་ཡིན།(མཉེན་ཆས་ལས་གསལ་བོར་སྟོན་པ)
དྲི་བ།གྲུ་བཞི་ནར་གཟུགས་དེ་དྲང་མོར་བཞག་ཚེ་ཆེས་མང་ན་ངོས་ག་ཚོད་མཐོང་ཐུབ།(ངོས3མཐོང་ཐུབ)
གསལ་བཤད།གྲུ་བཞི་ནར་གཟུགས་དེ་འབྲི་སྐབས་མི་མཐོང་བའི་ངོས་རྣམས་ཚེག་ཐིག་བྲིས་ནས་མཚོན་དགོས།
(སློབ་མར་གྲུ་བཞི་ནར་གཟུགས་འབྲི་རུ་འཇུག་པ)
གསལ་བཤད།ང་ཚོས་གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་ལ་སློབ་སྦྱོང་བྱས་ཟིན།གཤམ་དུ་སྦྱང་གཞི་འབྲི་རྒྱུ།
བཞི།ཚད་ཐོན་ཚད་འཇལ།(མཉམ་དུ་ལེགས་འགྲུབ་བྱེད་པ)
1.འོག་ངོས་ཀྱི་སྲིད་ནིཞེང་ནིཡིན།དེ་དང་མཚུངས་པའི་ངོས་ནི་གང་ཡིན།
7cm
གཡས་ངོས་ཀྱི་སྲིད་ནིཞེང་ནིཡིན།དེ་དང་
8cm
མཚུངས་པའི་ངོས་ནི་གང་ཡིན།
10cm
མདུན་ངོས་ཀྱི་སྲིད་ནིཞེང་ནིཡིན།དེ་དང་
མཚུངས་པའི་ངོས་ནི་གང་ཡིན།
2.ཚོང་ཁང་དུ་སྲིད་ལ200cmདང་།ཞེང་ལ40cmམཐོ་ལ60cmཡོད་པའི་ཤེལ་སྒྲོམ་གྱི་མཐའ་ཚང་མར་ཟུར་ལྕགས་བསྒར་དགོས་པས།ཟུར་ལྕགས་སྨི་ག་ཚོད་དགོས།
སློབ་ཁྲིད་ཕྱོགས་སྡོམ།(མཉེན་ཆས་ལས་དྲི་བའི་ཚུལ་དུ་ཕྱོགས་སྡོམ་བྱེད་པ)
སྒོ་སམ་བཀོད་སྒྲིག
གྲུ་བཞི་ནར་གཟུགས་ངོས་འཛིན་པ།
གྲུ་བཞི་ནར་གཟུགས་ཀྱི་གྲུའི་རིང་ཚད=(སྲིད+ཞེང+མཐོ)×4
=(200+40+60)×4
=300×4
=1200(cm)
ལན།ཟུར་ལྕགས་སྨི12དགོས།
《གྲུ་བཞི་ནར་གཟུགས་ངོས་འཛིན་པ》ཞེས་པའི་སློབ་ཁྲིད་གསལ་བཤད།
གཅིགསློབ་ཚན་གྱི་ནང་དོན་ལ་དབྱེ་ཞིབ་བྱེད་པ།
ནང་དོན་འདི་ནི་ལོ་དགུའི་འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ།གྲངས་རིག་པ།ལོ་རིམ་ལྔ་བའི་སྨད་ཆའི་སྡེ་ཚན་གསུམ་པ།“གྲུ་བཞི་ནར་གཟུགས་དང་ཁ་གང་གཟུགས”ཞེས་པ་ལས་“གྲུ་བཞི་ནར་གཟུགས་ངོས་འཛིན་པ”དེ་ཡིན།བསླབ་དེབ་ཀྱི་ཤོག་ངོས27ནས29བར་གྱི་ནང་དོན་ཡིན།
གྲུ་བཞི་ནར་གཟུགས་དང་ཁ་གང་གཟུགས་ནི་ཆེས་རྨང་གཞིའི་ལངས་གཟུགས་རིས་དབྱིབས་ཡིན།གྲུ་བཞི་ནར་གཟུགས་དང་ཁ་གང་གཟུགས་ལ་སློབ་སྦྱོང་བྱས་ན་སློབ་མས་རང་གི་ཉེ་འཁོར་དུ་གནས་པའི་བར་སྟོང་གི་དངོས་གཟུགས་ཀྱི་གྲུབ་ཚུལ་ལ་མྱོང་ཚོར་བྱས་ཆོག་པ་དང་།དེང་ཕྱིན་དབྱིབས་རྩིས་ཀྱི་རིས་དབྱིབས་གཞན་དག་ལ་སློབ་སྦྱོང་བྱེད་པའི་རྨང་གཞི་ཡང་ཡིན།འདི་ནི་སློབ་མས་སྟབས་བདེའི་ལངས་གཟུགས་རིས་དབྱིབས་ཁ་ཤས་ཤིག་ངོ་ཤེས་ཟིན་པ་དང་།ངོས་སྙོམས་རིས་དབྱིབས་ཀྱི་ཁྱད་ཆོས་ཀྱང་ཤེས་པའི་རྨང་གཞིའི་སྟེང་དུ་སློབ་ཁྲིད་བྱས་པ་ཞིག་ཡིན།་ལ།སྐབས་འདིར་གོམ་གང་མདུན་སྤོས་ཀྱིས་གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་ལ་སློབ་སྦྱོང་བྱེད་པ་ཡིན།
སློབ་ཁྲིད་ཀྱི་དམིགས་ཚད།
(གཅིག)ཤེས་བྱའི་དམིགས་ཚད།1.གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་རྟོགས་པ།(གཙོ་གནད)
2.གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་།མཐོ་བཅས་ངོས་འཛིན་པ།(དཀའ་གནད)
(གཉིས།)ནུས་རྩལ་དམིགས་ཚད།
སློབ་མའི་ལྟ་ཞིབ་དང་།དཔྱད་བསྡུར།ཕྱོགས་བསྡུས་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་པ།
(གསུམ།)བརྩེ་སེམས་དམིགས་ཚད།
སློབ་མའི་སློབ་སྦྱོང་གི་དགའ་སྣང་དང་སྤྲོ་སྣང་ལ་སྐུལ་འདེད་དང་།ཕན་ཚུན་འགྲིག་མཐུན་མཉམ་འབྲེལ་བྱེད་པའི་གོམས་གཤིས་བསྐྱེད་བསྲིང་བྱེད་པ།
གཉིས།སློབ་ཁྲིད་ཀྱི་ཡོ་ཆས་ངོ་སྤྲོད།
སྨྱན་མང་གཟུགས་དང་གྲུ་བཞི་ནར་གཟུགས་ཀྱི་སྒྲོམ་གཞི།ད་དུང་སློབ་མ་རང་ཉིད་ཀྱིས་གྲུ་བཞི་ནར་གཟུགས་ཀྱི་དངོས་པོ་སྣ་རེ་གྲ་སྒྲིག་བྱས་ཡོད།
གསུམ།ཁྲིད་ཐབས་དང་སློབ་ཐབས་ངོ་སྤྲོད།
གྲུ་བཞི་ནར་གཟུགས་ནི་ཆེས་རྨང་གཞིའི་ལངས་གཟུགས་རིས་དབྱིབས་ཤིག་ཡིན་མོད།སློབ་མ་ཚོར་མཚོན་ནས་བཤད་ན་ལངས་གཟུགས་རིས་དབྱིབས་ལ་ཞིབ་འཇུག་གསལ་བོ་ཞིག་བྱེད་རྒྱུ་དེ་ཐེངས་དང་པོ་ཡིན།ཁོ་ཚོའི་སྤྱི་མཚན་དུ་གྱུར་བའི་བསམ་གཞིགས་ནུས་པ་དེ་འཕེལ་རྒྱས་སུ་ཕྱིན་མེད་པ་དང་།བར་སྟོང་ལ་འཆར་སྣང་བྱེད་པའི་ནུས་པ་དེའང་ཕུན་སུམ་ཚོགས་པ་ཞིག་མིན་སྟབས།ངོས་སྙོམས་རིས་དབྱིབས་ནས་ལངས་གཟུགས་རིས་ལ་བར་བརྒལ་བྱེད་པ་དེར་ཁོ་ཚོར་དཀའ་ཁག་ཅུང་ཆེ་སྲིད།དེའི་ཕྱིར།སློབ་ཐུན་ནང་དུ་ངས་གཙོ་བོ་སྨྱན་མང་གཟུགས་བཀོལ་ནས་སློབ་ཁྲིད་མཉེན་ཆས་ཐད་མཐོང་བྱེད་པ་དང་སློབ་མ་ཚོར་དངོས་པོར་ལྟ་ཞིབ་དང་།ལག་པས་རེག་པ།ཚད་འཇལ་བ།གྲོས་སྡུར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལག་ལེན་དངོས་ཀྱི་ཁྲོད་ནས་གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་འཚོལ་ཞིབ་དང་ངོས་འཛིན་བྱེད་དུ་བཅུག་ཡོད།
བཞི།སློབ་ཁྲིད་ཀྱི་བརྒྱུད་རིམ་ངོ་སྤྲོད།
སློབ་ཐུན་ཧྲིལ་བོ་བརྒྱུད་རིམ་བཞིའི་སྒོ་ནས་ཡོངས་འགྲུབ་བྱས་ཡོད་དེ།
1.སྔོན་འགྲོའི་ཚད་འཇལ།འདིའི་སྐབས་སུ་ཐོག་མར་སྦྱངས་ཟིན་པའི་ངོས་སྙོམས་རིས་དབྱིབས་ལ་དྲན་གསོ་བྱས་ཏེ་སྨྱན་མང་གཟུགས་ཀྱིས་ལངས་གཟུགས་རིས་དབྱིབས་སྐོར་ཞིག་གི་འདྲ་རིས་བསྟན་ནས་ངོས་སྙོམས་རིས་དབྱིབས་དང་ལངས་གཟུགས་རིས་དབྱིབས་ཀྱི་ཁྱད་པར་གསལ་བོར་ངོས་འཛིན་བྱེད་དུ་བཅུག་ཡོད།དེའི་རྗེས་སུ་དཔེ་འཇོག་གི་ཐབས་ལ་བརྟེན་ནས་དུས་རྒྱུན་གྱི་འཚོ་བའི་ནང་དུ་གྲུ་བཞི་ནར་གཟུགས་གང་མང་ཡོད་པ་ཤེས་སུ་བཅུག་ཡོད།དེར་མཐུད་དེ“ང་ཚོའི་ཉེ་འཁོར་གྱི་དངོས་པོ་འདི་དག་གི་གཟུགས་དབྱིབས་གྲུ་བཞི་ནར་གཟུགས་ཡིན་པའི་རྒྱུ་མཚན་ཅི།གྲུ་བཞི་ནར་གཟུགས་ལ་ཁྱད་ཆོས་ཅི་ཞིག་ཡོད།དེ་ནི་དེ་རིང་ང་ཚོས་སློབ་སྦྱོང་བྱེད་དགོས་པའི་ནང་དོན་ཡིན”ཞེས་དྲི་བ་བཏོན་ནས་སློབ་མའི་བློ་ཁ་སློབ་ཚན་གསར་བའི་ནང་འཁྲིད་ཡོད།
2.དམིགས་ཚད་ངོ་སྤྲོད།སློབ་མ་ཚོར་དམིགས་ཚད་ངོས་འཛིན་བྱེད་དུ་བཅུག་ན་སློབ་མས་སློབ་ཐུན་འདིའི་སློབ་སྦྱོང་གི་ཁ་ཕྱོགས་གསལ་བོར་ངེས་ཐུབ་ལ།དགེ་རྒན་གྱིས་གང་འདོད་དུ་ཁྲིད་པར་ཡང་བཀག་འགོག་བྱེད་ཐུབ།
3.ནང་དོན་གསར་བ་ཁྲིད་པ།
(1)གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་འཚོལ་ཞིབ་བྱེད་པ།
ཐོག་མར་གྲུ་བཞི་ནར་གཟུགས་ལ་ངོས་དང་གྲུ།རྩེ་ཚེག་བཅས་ཡོད་པ་ཐད་མཐོང་གི་ལམ་ནས་ངོ་སྤྲོད་བྱས་རྗེས།སློབ་མ་ཚོར་གྲོས་བསྡུར་དང་ལྟ་ཞིབ་བྱེད་དུ་བཅུག་ནས་གྲུ་བཞི་ནར་གཟུགས་ལ་ངོས6དང་།གྲུ12རྩེ་ཚེག8ཡོད་པ་མ་ཟད།ངོས6པོ་གྲུ་བཞི་ནར་དབྱིབས(དམིགས་བསལ་གྱི་གནས་ཚུལ་འོག་ཏུ་ངོས་ཆ་གཅིག་ཁ་གང་དབྱིབས)ཡིན་པ་དང་།ཁ་གཏད་ཀྱི་ངོས་ཡོངས་སུ་མཚུངས་པ།ཁ་གཏད་ཀྱི་གྲུའི་རིང་ཚད་མཚུངས་པ་བཅས་ངོས་འཛིན་བྱེད་དུ་བཅུག་ཡོད།
(2)གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་།མཐོ་བཅས་ངོས་འཛིན་པ།
འདི་རིམ་པ་གཉིས་སུ་བཀར་ནས་ཁྲིད་སྟོན་བྱས་ཡོད་དེ།དང་པོ།རྩེ་ཚེག་གཅིག་ཏུ་བསྣོལ་བའི་གྲུ་གསུམ་གྱི་རིང་ཚད་མི་མཚུངས་ལ།སོ་སོར་གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་།ཞེང་།མཐོ་བཅས་ཟེར་བ་དང་།ཞབས་ངོས་ལས་ཅུང་རིང་བའི་གྲུ་དེ་སྲིད་དང་ཐུང་བ་དེ་ཞེང་།ཞབས་ངོས་དང་དྲང་འཕྱང་དུ་གནས་པ་དེ་མཐོ་ཡིན་པར་གཏན་འཁེལ་བྱས་ཡོད།ད་དུང་གྲུ་བཞི་ནར་གཟུགས་ཀྱི་སྲིད་དང་ཞེང་མཐོ་བཅས་ཀྱི་ཁྱད་ཆོས་ལས་གྲུ12ཀྱི་རིང་ཚད་བརྩི་ཚུལ་ཡང་ངོས་འཛིན་བྱེད་དུ་བཅུག་ཡོད།གཉིས་པར།གྲུ་བཞི་ནར་གཟུགས་ཀྱི་སྒྲིབ་མེད་རིས་དབྱིབས་ལ་ལྟ་ཞིབ་བྱས་ཏེ་གྲུ་བཞི་ནར་གཟུགས་འབྲི་ཚུལ་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད།
4.ཚད་ཐོན་ཚད་འཇལ།
འདིའི་སྐབས་སུ་སློབ་ཐུན་འདིའི་དམིགས་ཚད་གཞིར་བཟུང་སྟེ་དྲི་གཞི་གཉིས་བཏོན་ནས་སློབ་མར་ལེགས་སྒྲིག་བྱེད་དུ་བཅུག་ཡོད་སྟེ།གཅིག་ནི་སློབ་མས་སློབ་ཁྲིད་ཀྱི་ནང་དོན་ལ་ཕྱིར་དྲན་བྱེད་ཆེད་དང་དེ་ཟབ་བརྟན་དུ་གཏོང་ཆེད་ཡིན།ཅིག་ཤོས་ནི་ཅུང་རྒྱ་བསྐྱེད་དུ་བཏང་བའི་དྲི་གཞི་ཡིན།དེ་ལྟར་བཀོད་སྒྲིག་བྱས་ན་སློབ་མས་རང་ཉིད་ཀྱིས་སྦྱངས་བའི་ཤེས་བྱ་དེ་གཏིང་ཟབ་དུ་གཏོང་ཐུབ་པར་པར་མ་ཟད།དེ་བཀོལ་ནས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱས་ན་གྲུ་བཞི་ནར་གཟུགས་ཀྱི་ཁྱད་ཆོས་དེ་གཏིང་ཟབ་ཏུ་གཏོང་ཐུབ་པ་དང་ཁོ་ཚོའི་བསམ་གཞིགས་ཀྱི་ནུས་པ་དེ་འཕེལ་རྒྱས་སུ་གཏོང་རྒྱུར་ཡང་ཕན་ཐོག་ཡོད།
མཇུག་ཏུ་རིམ་བཞིན་སློབ་མ་ཚོར་དྲི་བ་འདོན་པའི་སྒོ་ནས་སློབ་ཁྲིད་ཕྱོགས་སྡོམ་བྱས་པ་དང་སློབ་ཐུན་རྗེས་མའི་ནང་དོན་སློབ་སྦྱོང་བྱེད་ཆེད་སྦྱོངས་ཤིག་གི་ལས་བྱ་བཀོད་སྒྲིག་བྱས་ཡོད།
《གྲུ་བཞི་ནར་གཟུགས་ངོས་འཛིན་པ》
温馨提示
- 1. 本站所有资源如无特殊说明,都需要本地电脑安装OFFICE2007和PDF阅读器。图纸软件为CAD,CAXA,PROE,UG,SolidWorks等.压缩文件请下载最新的WinRAR软件解压。
- 2. 本站的文档不包含任何第三方提供的附件图纸等,如果需要附件,请联系上传者。文件的所有权益归上传用户所有。
- 3. 本站RAR压缩包中若带图纸,网页内容里面会有图纸预览,若没有图纸预览就没有图纸。
- 4. 未经权益所有人同意不得将文件中的内容挪作商业或盈利用途。
- 5. 人人文库网仅提供信息存储空间,仅对用户上传内容的表现方式做保护处理,对用户上传分享的文档内容本身不做任何修改或编辑,并不能对任何下载内容负责。
- 6. 下载文件中如有侵权或不适当内容,请与我们联系,我们立即纠正。
- 7. 本站不保证下载资源的准确性、安全性和完整性, 同时也不承担用户因使用这些下载资源对自己和他人造成任何形式的伤害或损失。
最新文档
- 客服游戏几率问题培训
- 2026四川自贡医元健康管理有限责任公司招聘甜品师1人考试重点题库及答案解析
- 2026年成都纺织高等专科学校单招综合素质笔试模拟试题含详细答案解析
- 2026年广东岭南职业技术学院单招综合素质考试参考题库含详细答案解析
- 2026年丽水职业技术学院单招综合素质笔试备考试题含详细答案解析
- 2026年焦作工贸职业学院单招综合素质笔试参考题库含详细答案解析
- 2026年上海应用技术大学单招综合素质笔试备考试题含详细答案解析
- 2026年石家庄城市经济职业学院单招综合素质笔试参考题库含详细答案解析
- 2026年贵州工贸职业学院单招职业技能考试备考题库含详细答案解析
- 2026年永城职业学院单招综合素质考试模拟试题含详细答案解析
- 中考语文文言文150个实词及虚词默写表(含答案)
- 广西小额贷管理办法
- 海南省医疗卫生机构数量基本情况数据分析报告2025版
- 电影院消防安全制度范本
- 酒店工程维修合同协议书
- 2025年版个人与公司居间合同范例
- 电子商务平台项目运营合作协议书范本
- 动设备监测课件 振动状态监测技术基础知识
- 第六讲-女性文学的第二次崛起-80年代女性文学
- 专题15平面解析几何(选择填空题)(第一部分)(解析版) - 大数据之十年高考真题(2014-2025)与优 质模拟题(新高考卷与全国理科卷)
- 部门考核方案
评论
0/150
提交评论